ལྷོ་ཁ་གྲོང་ཁྱེར་གྱིས་ཡིག་བསྐུར་ངོ་བཅར་ལས་དོན་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཡིག་བསྐུར་ངོ་བཅར་ལས་དོན་གྱི་མཉམ་བཞུགས་ཚོགས་འདུ་འཚོགས་ནས་ཉམས་མྱོང་ཕྱོགས་སྡོམ་དང་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ཁོངས་གཏོགས་ཀྱིས་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་བཅོས་སྐྱོང་དང་། འབྱུང་རྩ་ནས་བཅོས་སྐྱོང་། ཁྲིམས་སྐྱོང་བཅོས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”ནུས་ཤུགས་ཡོད་རྒུས་ཁྱབ་གདལ་བཏང་སྟེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་ལེཌ་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་སེམས་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་སེམས་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་བྱས་ནས་ཡིག་བསྐུར་ངོ་བཅར་ལས་དོན་དེ་མིག་སྔར་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས། གནད་དོན་གྱི་ཧེ་བག་ཡང་དག་བཙལ་ཏེ་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ཆེད་ལས་ཅན་དང་། ཁྲིམས་སྐྱོང་ཅན། ཆ་འཕྲིན་ཅན་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ཡིག་བསྐུར་ངོ་བཅར་ལས་དོན་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ཡང་དག་བཙལ་ནས་ཧེ་བག་འཚོལ་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཤུགས་བརྒྱབ་སྟེ་དུས་བབ་གསར་པའི་འོག་གི་ཡིག་བསྐུར་ངོ་བཅར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་འགྲོ་ཐུབ་པ་བྱེད་དགོས། འགན་ལེན་བྱ་ཐབས་ཤུགས་ཆེར་བཏང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་ཆེ་མོའི་བརྟན་ལྷིང་སྲུང་སྐྱོང་ལ་རྨང་གཞི་འདིང་བ་དང་། གྲ་སྒྲིག་བྱེད་པ། རྙོག་དྲ་མི་བཟོ་བ་བཅས་མཐའ་འཁྱོངས་བྱེད་དགོས། འབྱུང་རྩ་བཅོས་སྐྱོང་དང་འགག་སྒོའི་ཁྱབ་རྒྱ་ཆེར་གཏོང་མཐའ་འཁྱོངས་བྱ་རྒྱུ་དེ་ཡིག་བསྐུར་ངོ་བཅར་ལས་དོན་གྱི་གཞི་རྩ་བཅོས་སྐྱོང་གི་ཐབས་ཇུས་ལ་བརྩི་བ་དང་། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིག་བསྐུར་ངོ་བཅར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་སྡེ་ཚན་ཁག་གི་འགན་ནུས་སྤྱི་འདོམས་དང་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས“ལེབ་བཤེར་རྣམ་པའི”འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཆེ་མོ་དང་བར་འདུམ་ཆེ་མོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ཏེ་སྒུལ་རྣམ་གྱི་དོ་དམ་རྩིས་ཁྲ་བཟོ་བ་དང་གཞི་གྲངས་ཁ་གསལ་བ་དང་གནས་ཚུལ་གསལ་པོ་ཤེས་པ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།