བོད་ལྗོངས་ཀྱིས་ཚུར་ལོག་བོད་རིགས་སྤུན་ཟླའི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཤེས་རྟོགས་བྱས་པར། ད་ཕན་ལོ་ཤས་རིང་བོད་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་བོད་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། མི་སེམས་བརྩོན་ལེན་བྱ་རྒྱུ་དེ་ལས་དོན་གྱི་འགོ་ནས་མཇུག་བར་ཁྱབ་པར་བྱས་པ་དང་འབྲེལ། གཞིས་ཆགས་བོད་རིགས་སྤུན་ཟླའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་སྟོབས་ཆེར་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

མིག་སྔར་ལྗོངས་ཡོངས་སུ་མེས་རྒྱལ་དུ་ཚུར་ལོག་བྱེད་མཁན་གཞིས་ཆགས་བོད་རིགས་སྤུན་ཟླ56གིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་མི་དམངས་འཐུས་ཚོགས་དང་སྲིད་གྲོས་སྡེ་ཚན་དུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་བཞིན་ཡོད་པ་དང་། མེས་རྒྱལ་དུ་ཚུར་ལོག་གཞིས་ཆགས་བོད་རིགས་སྤུན་ཟླ་དང་དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་རྒྱལ་ནང་གི་གཉེན་ཉེ127རང་སྐྱོང་ལྗོངས་ཀྱི་ཚུར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིར་བདམས་ཡོད། ཚུར་ལོག་གཞིས་ཆགས་བོད་རིགས་སྤུན་ཟླ་རྗེ་དབོན་དཀོན་རྡོར་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དུ་འོས་སྦྱོར་བྱས་ནས་ཏང་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འདོན་བྱས་པས་ཚུར་ལོག་རང་མི་སྲིད་གྲོས་སྲིད་གླེང་ནང་ཞུགས་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།