འཛམ་གླིང་ཡང་རྩེར་འཕྱོ་གཡེང་བྱེད།

——2019ལོའི་རྒྱལ་སྤྱིའི་ཨའེ་སི་ཅི་མོར་གྲུའི་ཆེད་ལས་འཕྱོ་གཡེང་བྱེད་སྒོ་བོད་ལྗོངས་སུ་སྤེལ་བ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་སྐྱིད་ཆུའི་དབུས་སྟོད་རྒྱུད་དུ་གནས་པའི་མལ་གྲོ་གུང་དཀར་རྫོང་གི་འབྲི་གུང་གཙང་པོའི་རླབས་ཕྲེང་ཡམ་ཡོམ་དུ་གཡོ་ལ། མོན་པ་ཤང་ཁོངས་ཀྱི་ཆུ་ལམ་སྐབས་འགར་ཞི་འཇམ་ངང་སྐྱོད་ལ་སྐབས་འགར་ཡམ་ཡོམ་ཀྱག་ཀྱོག་ངང་སྐྱོད། གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་པད་ཁ་མེ་ཏོག་གིས་ངོགས་གཉིས་ཁེངས། དུས་རྒྱུན་འཇམ་ཐིང་ཐིང་དུ་གནས་པའི་ཆུ་ངོས་སུ་ཚེས་25ཉིན་གློ་བུར་དུ་མི་གཅིག་སྡོད་པའི་ཀོ་གྲུ་9ཐོན་ནས་གསོན་ཤུགས་ལྡན་པའི་རྣམ་པ་ཞིག་བསྣན་ཡོད་པ་རེད།

ཀོ་གྲུ་དེ་དག་ནི་2019ལོའི་རྒྱལ་སྤྱིའི་ཨའེ་སི་ཅི་མོར་གྲུའི་ཆེད་ལས་འཕྱོ་གཡེང་བྱེད་སྒོའི་ནང་ཞུགས་མཁན་རེད། བྱེད་སྒོ་དེ་ནི་བོད་ལྗོངས་ཆེད་དོན་ཡུལ་སྐོར་མཐུན་ཚོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་Go TREKཀུང་སི་དང་མཉམ་དུ་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་ཡིན་པ་དང་། ཆེད་ལས་འཕྱོ་གཡེང་གྲུ་པ་9ནི་དབྱིན་ཇི་དང་། འཇར་མན། དབྱི་ཐ་ལི་སོགས་རྒྱལ་ཁབ་6ནས་ཡོང་བ་རེད།

2.jpg

བོད་ལྗོངས་ཡུལ་སྐོར་ཆེད་དོན་མཐུན་ཚོགས་ཀྱི་འགན་འཁུར་བ་སྤེན་པ་བཀྲ་ཤིས་ཀྱིས་“བོད་ལྗོངས་སུ་ཆུའི་ཐོན་ཁུངས་སྤུས་ལེགས་ཡོད་པས། ཕྱི་རྒྱལ་གྱི་འཕྱོ་གཡེང་ཚོགས་པས་དགའ་པོ་བྱེད་ཀྱི་ཡོད། ལོ་ལྟར་འཕྱོ་གཡེང་གི་བདམས་ཐོན་པ་མང་པོ་ཞིག་ཚོད་ལྟ་བྱེད་པར་ཡོང་གི་ཡོད”ཅེས་བཤད།
 ལོ་25ལ་སླེབས་པའི་དབྱིན་ཇིའི་དེད་དཔོན་ཝུའེ་ཚེ་ཁེས་གསར་འགོད་པར་“འདི་ནི་ང་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན་ལ། འཛམ་གླིང་ཡང་རྩེར་འཕྱོ་གཡེང་བྱེད་ཐེངས་དང་པོ་ཡང་ཡིན། འདི་གའི་རང་བྱུང་མཛེས་ལྗོངས་ཧ་ཅང་ཡག་པོ་ཡོད་ཅིང་། ཆུའི་སྤུས་ཚད་དེ་འཕྱོ་གཡེང་ལུས་རྩལ་དང་ཧ་ཅང་འཚམ་པོ་འདུག ས་བབ་མཐོ་པོས་ལུས་པོར་ཚོད་བགམ་ཆེན་པོ་ཐེབས་ཀྱི་ཡོད་མོད། འོན་ཀྱང་ང་འདི་གར་ཧ་ཅང་དགའ་པོ་ཡོད། དེ་ནི་ངའི་ངོས་ནས་བརྗོད་ན་འགྲན་སློང་ཞིག་རེད”ཅེས་བཤད།

3.jpg

2018ལོ་ནས་བཟུང་། བོད་ལྗོངས་ཡུལ་སྐོར་ཆེད་དོན་མཐུན་ཚོགས་ཀྱིས་ཆེད་ལས་འཕྱོ་གཡེང་བྱེད་སྒོ་མང་པོ་སྤེལ་ཡོད་ལ། དེའི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་འཕྱོ་གཡེང་རྣམ་གྲངས་ཁྱབ་གདལ་བཏང་ནས། ཆེད་ལས་བདམས་ཐོན་པས་ས་གནས་ས་ཐོག་ཏུ་འཕྱོ་གཡེང་བྱས་པ་བརྒྱུད་འཕྱོ་གཡེང་རྣམ་གྲངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་འབྲེལ། བོད་ཀྱི་ཡུལ་སྐོར་བྱེད་སྒོའི་ནང་དོན་རྒྱུན་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཆེད་ཡིན་པ་རེད།

བོད་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ལས་དོན་མི་སྣ་ཝང་ཁའེ་ཡིས་གསར་འགོད་པར“ད་རེས་ཀྱི་འཕྱོ་གཡེང་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། གཅིག་ནས་ཆེད་ལས་བདམས་ཐོན་པས་ས་གནས་ས་ཐོག་ཏུ་འཕྱོ་གཡེང་བྱས་པ་བརྒྱུད་བོད་ཀྱི་འཕྱོ་གཡེང་སྐད་གྲགས་ཆེ་རུ་གཏོང་རྒྱུ་དང་། གཉིས་ནས་གོམ་སྟབས་རྗེས་མར་འཕྱོ་གཡེང་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱ་རྒྱུའི་གྲ་སྒྲིག་བྱེད་པ་དང་། ཡུལ་སྐོར་བས་རི་ཆུར་ལྟ་སྐོར་བྱེད་པ་དང་རིག་གནས་ཤེས་རྟོགས་བྱེད་པ་ཁོ་ན་མིན་པར། ད་དུང་འཕྱོ་གཡེང་དང་། བར་སྣང་ནས་ལྟ་བ། ཁང་འཁོར་བཏང་ནས་ཕྱིར་བཟའ་སྡོད་བྱེད་པ་སོགས་ཐུན་མོང་མ་ཡིན་པའི་ཐོན་རྫས་མྱོང་རོལ་བྱེད་དུ་བཅུག་འདོད་ཡོད་”ཅེས་བརྗོད

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཕྱོ་གཡེང་བྱེད་སྒོ་དེ་ད་དུང་བོད་ལྗོངས་ལྷ་རི་གཙང་པོ་དང་། ཡིད་འོང་གཙང་པོ། ཕར་ལུང་གཙང་པོ། ཡར་ཀླུང་གཙང་པོའི་དུམ་བུ་ཁག་གཅིག་བཅས་སུ་སྤེལ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།