བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེགས་སྣེ་ཤན་སློབ་གྲྭ་བཙུགས་ནས་ལོ་20འཁོར་བ།

01.png

འདི་ནི་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེགས་སྣེ་ཤན་སློབ་གྲྭའི་སྣེ་ཤན་པ་ཚོས་ཇོ་མོ་གླང་མའི་རྩེ་མོ་ནས་སློབ་གྲྭ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 1999ལོར་བོད་ལྗོངས་རི་འཛེགས་སློབ་གྲྭ(ད་ལྟ་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེགས་སྣེ་ཤན་སློབ་གྲྭར་མིང་བསྒྱུར་བ)དངོས་སུ་བཙུགས་པ་རེད། སློབ་སྤྱི་ཚེ་རིང་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། སློབ་གྲྭ་འདི་ནི་ཧྥ་རན་སེའི་རྒྱལ་བཙུགས་རི་འཛེགས་གངས་ཤུད་སློབ་གྲྭ་ཕུད། གོ་ལ་ཧྲིལ་པོའི་ཆེད་ལས་རི་འཛེགས་སྣེ་ཤན་པ་ཆེད་མངགས་གསོ་སྐྱོང་བྱེད་མཁན་སློབ་གྲྭ་གཉིས་པ་དེ་རེད། རང་རྒྱལ་གྱི་རི་འཛེགས་ཤེས་ལྡན་པ་གསོ་སྐྱོང་བྱེད་མཁན་ཆེད་ལས་སློབ་གྲྭ་དང་པོ་དེ་ཡིན་པའི་ངོས་ནས། ཚེ་རིང་བསམ་གྲུབ་ཀྱིས་སློབ་གྲྭ་དེའི་སློབ་མ་མང་ཆེ་བ་ཧི་མ་ལ་ཡའི་རི་ཁུལ་གྱི་བོད་རིགས་ཞིང་འབྲོག་པའི་ཁྱིམ་ཚང་ནས་འདེམས་ཀྱི་ཡོད་པ་དང་། ད་བར་སློབ་མ་ཁག་12བསྡུས་ནས་རི་མཐོའི་སྣེ་ཤན་པ་དང་། རོགས་ལས་པ། མ་བྱན། བརྙན་པར་ལེན་མཁན། ལུས་རྩལ་པ། ཕྱི་སྐད་སྐད་སྒྱུར་སོགས་མི་300ཙམ་གསོ་སྐྱོང་བྱས་ཡོད། མིག་སྔའི་བར་སློབ་ཐོན་སློབ་མས་རྒྱལ་ཁབ་ཕྱི་ནང་གི་རི་འཛེགས་པ་180 ལྷག་ཙམ་གྱི་སྣེ་འཁྲིད་ནས་ཇོ་མོ་གླང་མར་འཛེགས་པ་དང་། སློབ་མ་200ལྷག་ཙམ་གྱིས་ཇོ་མོ་གླང་མར་ཐེངས་450ཙམ་བདེ་བླག་ངང་འཛེགས་ཡོད་ཅེས་བཤད། སློབ་གྲྭའི་སློབ་མ་ཚོས་ད་དུང་སྣེ་ཤན་པ་དང་རོགས་ལས་པ་ཡིན་པའི་ངོས་ནས་2003ལོར་མིའི་རིགས་ཀྱིས་ཇོ་མོ་གླང་མའི་རྩེ་མོར་འཛེགས་ནས་ལོ་50 འཁོར་བར་དྲན་གསོ་ཞུ་བའི་རི་འཛེགས་བྱེད་སྒོའི་བརྙན་འཕྲིན་ཐད་གཏོང་དང་2005ལོའི་ཇོ་མོ་གླང་མའི་མཐོ་ཚད་སླར་ཡང་འཇལ་བའི་བྱེད་སྒོའི་ནང་ཞུགས་པ་དང་། 2008ལོར་སློབ་གྲྭའི་སློབ་མས་གཙོ་ཤུགས་ཡིན་པའི་ངོས་ནས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་ཀྱི་ལས་འགན་འཁུར་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད། 2019ལོའི་ཟླ་7ཚེས་12ཉིན་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེགས་སྣེ་ཤན་སློབ་གྲྭས་སློབ་གྲྭ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་དང་། ཀྲུང་གོའི་རི་འཛེགས་མཐུན་ཚོགས་ཀྱིས་སློབ་གྲྭར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

02.png

འདི་ནི་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེགས་སྣེ་ཤན་སློབ་གྲྭའི་སློབ་སྤྱི་ཚེ་རིང་བསམ་གྲུབ(གཡོན)ཀྱིས་ཕུལ་བྱུང་སྣེ་ཤན་པ་10ལ་གཟེངས་བསྟོད་སྤྲོད་བཞིན་པ།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།