ཟླ་7ཚེས་21ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པར་ཉིན་གཅིག་གི་གོང་ནས་སྒོ་འཛིན་མངགས་ཉོ་བྱེད་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་21ཉིན་ནས་བཟུང་། འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལར་འགྲུལ་རྒྱུན་ཚོད་འཛིན་བྱས་པས་ཡུལ་སྐོར་བས་ཉིན་གཅིག་གི་གོང་ནས་སྒོ་འཛིན་མངགས་ཉོ་བྱེད་དགོས། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས“ཉེ་ཆར་ལྟ་སྐོར་ལ་འགྲོ་རྩིས་ཡོད་པའི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ཀྱི་དྲ་ཐོག་དང་ཡུལ་དངོས་ཀྱི་སྒོ་འཛིན་མངགས་ཉོའི་ཐབས་ལམ་གཉིས་ལ་བརྟེན་ནས་ལྟ་སྐོར་ལ་སྐྱོད་ཆོག ཡུལ་དངོས་ནས་སྒོ་འཛིན་ཉོ་སྐབས་ཡུལ་སྐོར་བས་རང་གི་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་ཁྱེར་ནས་མངགས་ཉོ་བྱེད་དགོས་པ་དང་མི་རེས་མང་ཤོས་ལ་སྒོ་འཛིན་4ལས་མངགས་ཉོ་བྱེད་མི་ཆོག སྒོ་འཛིན་ཉོ་བའི་སྐར་ཁུང་སྒོ་ཕྱེ་བའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་8པ་ནས་སྒོ་འཛིན་བཙོངས་ཚར་བའི་བར་ཡིན”ཞེས་དྲན་སྐུལ་བྱས་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7པ་ནི་བོད་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་དབར་གྱི་འགལ་ཟླ་ཐག་གཅོད་འོས་འཚམ་བྱ་ཆེད། སྤྱི་དམངས་ཀྱིས་རིག་དངོས་སྲུང་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་ཀྱི་ཁེ་དབང་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་པ་དང་། ཕོ་བྲང་པོ་ཏ་ལ་སོགས་རིག་གནས་ཐོན་ཁུངས་རྒྱུན་སྲིང་ངང་སྤྱོད་རྒྱུའི་འགན་ལེན་བྱ་ཆེད། ཟླ་7ཚེས་21ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལ་ཕུད་པའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གཙུག་ལག་ཁང་གིས་ཀྱང་དམིགས་བཙུགས་དུས་ཚོད་ནང་སྒོ་འཛིན་མངགས་ཉོའི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པ་རེད། གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱིས“ཟླ་7ཚེས་22ཉིན་ ནས་བཟུང་། ཉིན་ལྟར་གྱི་ཆུ་ཚོད་8དང་སྐར་མ་30ནས་ཆུ་ཚོད་12བར་ལྟ་སྐོར་བྱེད་མཁན་གྱིས་ཉིན་གཅིག་གི་གོང་ནས་སྒོ་འཛིན་མངགས་ཉོ་བྱེད་དགོས་པ་དང་། མངགས་ཉོ་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་15དང་སྐར་མ་30 ནས་ཆུ་ཚོད་19བར་ཡིན་པས་ཡུལ་སྐོར་བས་རང་གི་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་ཁྱེར་ནས་མངགས་ཉོ་བྱེད་དགོས་པའི”དྲན་སྐུལ་བྱས་ཡོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།