ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས་ཤིན་ཏུ་དབུལ་བའི་རྫོང་དང་ཤང་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ནས་འགག་སྒྲོལ་ཡོང་བ་བྱས་ཤིང་། ལོ་གསུམ་རིང་དུད་ཚང4418ཀྱི་མི་གྲངས་དབུལ་པོ16212ཉུང་དུ་བཏང་བ་དང་། གྲོང་ཚོ(གྲོང་ལྷན)85གྲོང་ཚོ་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ། སྒར་སོགས་རྫོང་བཞིའི་དབུལ་ཞྭ་འབུད་པ། མི་འབོར་དབུལ་པོ2015ལོའི་ལོ་མཇུག་གི་མི་གྲངས22948ནས2018ལོའི་ལོ་མཇུག་གི་མི་གྲངས6736བར་ཉུང་དུ་ཕྱིན་ནས་དབུལ་པོར་གྱུར་ཚད28.3%ནས8.3%བར་ཆག་ཡོད།
དབུལ་སྒྲོལ་གྱི་མྱུར་ཚད་མགྱོགས་སུ་གཏོང་ཆེད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་88འཆར་འགོད་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར14.69བཏང་ཡོད། མིག་སྔའི་བར་དམངས་ཕྱུག་ཐོན་ལས་ལ་བརྟེན་ནས་མི་གྲངས་4758དབུལ་སྒྲོལ་ཐུབ་པ་དང་མི་གྲངས་14854ཡི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་བྱུང་བའི་ནང་གཙོ་ཁྲིད་ཐོན་ལས་ཡིན་པའི་ཡུལ་སྐོར་ལས་རིགས་ཀྱིས་མི་གྲངས་2520དབུལ་སྒྲོལ་ཡོང་བར་སྣེ་ཁྲིད་པ་དང་ནོར་ལུག་རྒྱགས་གསོའི་འདུ་འགོད་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་སྒོར་དུང་ཕྱུར་1.36བྱུང་ཡོད་པ་རེད།
དཔྱད་གཞི་ལས་མངོན་པ་ལྟར་ན། ལོ་གསུམ་རིང་མངའ་རིས་ཀྱིས་མ་རྩ་སྒོར་དུང་ཕྱུར9.7བཏང་ནས་གནས་སྤོའི་ས་ཚིགས30བསྐྲུན་པར་དུད་ཚང2081གི་མི་གྲངས7742གནས་སྤོ་བྱས་པ་དང་། སྣོད་བཅུད་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.68སྤྲད་དེ་ཆེད་གཉེར་ལས་འགན་གཅིག་ལྕོགས་ཀྱི་སྣོད་བཅུད་ཁ་གསབ་ལས་གནས30767དོན་འཁྱོལ་བྱས་པ། ཧྲའན་ཤིས་ཞིང་ཆེན་དང་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་དབུལ་སྐྱོར་གྱི་རྣམ་གྲངས37དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་དབུལ་སྐྱོར་གྱི་རྣམ་གྲངས34བརྩོན་ལེན་ཐུབ་ནས་ཏང་ཡོན་ལས་བྱེད་པ་ཁྲི1.4ཡིས་མང་ཚོགས་དབུལ་པོ་ཁྲི2.26ལ་ཆ་སྒྲིག་རོགས་སྐྱོར་བྱས་པ། ཞིང་ཁ་དང་རྩྭ་རར་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི18.6གསར་འཕར་དང་ལེགས་བཅོས་བྱས་པ་དང་གྲོང་གསེབ་ཀྱི་གློག་དྲ་སྤྱི་ལེ2680གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་མ་ཟད། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས310ཟིན་པར་སྤྱི་ལེ7323ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མངའ་རིས་ཀྱིས་ལོ་གསུམ་ནང་མི་གྲངས་དབུལ་པོ་ཁྲི1.6ལྷག་ཙམ་ཉུང་དུ་བཏང་བ།