བོད་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་བ།

W020190717572047130041.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། བོད་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཇུས་འགོད་ཞིབ་ཚགས་བྱེད་པ། སྐུལ་འདེད་ཏན་ཏིག་བཏང་སྟེ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་མངོན་གསལ་དོད་པོ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ། དག་ཐེར་བྱེད་ཐབས་ཏན་ཏིག་བཟོ་བ་བཅས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། 

ཟླ7ཚེས12ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཤུས་ཝུན་ཧུའེ་གདན་དྲངས་ཏེ“མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན”ལ་དམིགས་ནས་ཆེད་དོན་འཆད་ཁྲིད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཏུང་སློབ་སྦྱོང་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་ཐོག་བསྟན་དོན། 

དགེ་རྒན་ཆེ་མོ་བ་ཞུས་ཝུན་ཧུའེ་ཡི་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་ཁྱོན་ཡོངས་དང་གནད་ལ་འཁེལ་བས། ང་ཚོར་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལོན་རྒྱུར་འདུ་ཤེས་བརྒྱུད་སྤྲོད་བྱས་པ་དང་ཐབས་ལམ་མཁོ་འདོན་བྱས་ཡོད། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་སློབ་སྦྱོང་ནན་ཏན་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་བླངས་ཏེ། སློབ་བསམ་སྤྱོད་གསུམ་མཐའ་འཁྱོངས་ཀྱིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་ཤུགས་རྒྱག་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་སྔར་བས་ནན་དུ་བཏང་སྟེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོཌ་ཁག་ཁྲོད་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། 

ཉེ་ཆར། ལྗོངས་སྤྱི་བདེ་ཐིང་ལས་ཁུངས་ཀྱིས“སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་དང་། ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང་བྱེད་པའི”བྱེད་སྒོ་སྤེལ་ནས《ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ལྟེ་གནས་དང་བློ་མཐུན་བཀྲ་ཤིས་རྒྱལ་པོར་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། 《བརྡ་ཐོའི》ནང་བླང་བྱ་བཏོན་དོན། སློབ་སྦྱོང་བྱེད་སྒོ་དེ་ཚན་པ་དང་སྡེ་ཚན་དེ་གའི་ལས་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་སྒོ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། “གནད་དོན་ལ་ཞིབ་ལྟ་བྱེད་པའི”ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རང་ངོས་ཐོག་ལྷག་པའི་གནད་དོན་དང་མི་འདང་སར་ཕྱོགས་ཡོངས་ནས་ལྟ་བསྡུར་ཞིབ་བཤེར་དང་ཞིབ་ལྟ་ནན་ཏན་བྱས་ཏེ་སློབ་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། འདེད་སྦྱོང་བསྙེགས་བརྒལ་བྱེད་པ། ལས་གནས་ལ་གཞི་ཚུགས་པ། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་བོད་ཀྱི་སྤྱི་བདེའི་བྱ་གཞག་ལ་ཧུར་ཐག་ཞུགས་དགོས། 

ཚེས10ཉིན། སྣང་རྫོང་གི་རྫོང་རིམ་པའི་འགོ་ཁྲིད་པ་སྣང་རྫོང་སྲིད་གཙང་སློབ་གསོའི་ཉེན་ཟོན་རྟེན་གཞིར་བསྐྱོད་དེ་ལྟ་སྐོར་སློབ་སྦྱོང་བྱས་པ་མ་ཟད་ས་གནས་ས་ཐོག་ཏུ་ཉེན་ཟོན་སློབ་གསོ་དང་ལེན་ཡང་ཞུས་པ་རེད། ཟླ་7ཚེས་10ཉིན་ནི་སྣང་རྫོང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་སྤེལ་ཐེངས་དྲུག་པ་ཡིན་པ་དང་། སྲིད་གཙང་སློབ་གསོའི་དམིགས་སའི་རང་བཞིན་ཆེ་རུ་བཏང་སྟེ་སྲིད་གཙང་སློབ་གསོ་རྣ་བར་འཇགས་ཤིང་སེམས་ལ་ཟུག་ཆེད། སྣང་རྫོང་གི་ཚན་པ་ཁག་གིས་ཡར་ཀླུང་གཙང་པོའི་སྤྱི་གླིང་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ནན་པོ་སྲུང་བ་དང་། འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་སྲུང་སྐྱོང་གཉིས་ལག་བསྟར་བྱེད་པའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ཞིང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཉིན་དེར་ཁྱོན་སྲིད་གཙང་གི་དྲིལ་བསྒྲགས་དཔྱད་ཡིག་3000སྤྲད་པ་དང་། མི་ཆིག་སྟོང་ལྷག་ཙམ་གྱིས་སྲིད་གཙང་ཉེན་ཟོན་སློབ་གསོ་དང་སྲིད་གཙང་རིག་གནས་སློབ་གསོ་དང་ལེན་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།