མཐའ་མཚམས་རི་གྲོང་གི་རྣམ་པ་གསར་པ།

—— བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཐོན་ལས་འཛུགས་སྐྱོང་སྐོར་གྱི་གནས་ཚུལ་ཐོར་བུ་བཀོད་པ།    

《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྱོང་འཆར་འགོད(2017ནས་2020ལོ་བར)》བཟོས་ནས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར46.36གཏོང་རྩིས་ཡོད་པ་དེ་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ལས་རིགས། མི་རིགས་ཀྱི་ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས། ཚོང་དོན་འཁོར་རྒྱུག ཐོན་ཁུངས་གསར་སྤེལ་བཅས་ཐོན་ལས་རིགས་ཆེ་གྲས་བདུན་འཕེལ་རྒྱས་གཏོང་རྒྱུར་སྤྱོད་རྒྱུ་རེད།

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྲིད་གཞུང་གིས་ཕན་ཡོད་ཀྱི་གོ་སྐབས་དམ་བཟུང་དང་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་ལེ་ལག་ཚང་པོ་བསྐྲུན་རྒྱུའི་འཆར་གཞི་དང་ཟུང་འབྲེལ་བྱས་ནས་མུའུ6430ཟིན་པའི་ཇ་ཤིང་ར་བ་གསར་སྐྲུན་བྱ་རྒྱུ་མ་ཟད། བསྐྲུན་ཟིན་རྗེས་ཚོད་རྩིས་བྱས་ན་ས་གནས་ཀྱི་མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཆ་སྙོམས་མི་རེར་འབབ་འཕར་སྒོར2000ཡོང་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་ས་ཁུལ4ཡི་རྫོང21གི་འབྱོར་འབྲིང་གྲོང་ཚོ628དང་རྫ་ཡུལ་ཞིང་རའི་ཐོན་ལས་འཛུགས་སྐྱོང་གི་ལས་འགན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྱོང་དེ་གནས་བབ་མངོན་གསལ་དོད་པོའི་གནས་བབ་ཐོག་བཞག་ནས་ཐོན་ལས་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་། སྲིད་ཇུས་དོན་འཁྱོལ། ལས་ཀ་དོན་འཁྱོལ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས“སྲིད་གཞུང་གིས་སྐུལ་མ་ཤུགས་ཆེན་གཏོང་བ་དང་། སྡེ་ཚན་དབར་མཐུན་སྦྱོར་ཤུགས་འདོན། མང་ཚོགས་ཧུར་ཐག་ཞུགས་པ། ཕན་འབྲས་རིམ་བཞིན་ཐོན་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།

“མིག་སྔར་ཡུལ་སྨད་གྲོང་ཚོའི་ཐོན་ལས་རྣམ་གྲངས་ལ་སྔོ་ཚལ་གྱི་འགྱིག་ཤོག་དྲོད་ཁང་ཆེ་མོའི་རྟེན་གཞི་དང་། འབྲི་གཡག་གསོ་ཚགས། རི་མཐོའི་སྐྱེ་ལྡན་ཇ་ལོ་འདེབས་འཛུགས། བོད་བཟོའི་སྨྱུག་ཆས་ལས་སྣོན་འཁེལ་འཐག་སོགས་ཡོད་པ་དེས་ཞིང་འབྲོག་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐག་གཅོད་སྟབས་བདེ་ཐུབ་པ་མ་ཟད། མཐའ་དར་དམངས་ཕྱུག་དང་མཐའ་མཚམས་དེ་བས་བརྟན་ལྷིང་བྱུང་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་བརྗོད།

“འབྱོར་འབྲིང་ལ་སླེབས་ཡོད་མེད་ཀྱི་འགག་རྩ་དེ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལ་ལྟ་དགོས། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་ཡོང་བ་དང་། དམངས་ཕྱུག་པོ་ཆགས་ནས་མཐའ་མཚམས་སྟོབས་ཆེར་གཏོང་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་གཞིགས་ཏེ་འབྱོར་འབྲིང་ཐོན་ལས་ཀྱི་དཔེ་སྟོན་གྲོང་ཚོ་བཏོད་པ་དང་ལད་མོ་རུང་བའི་དཔེ་མཚོན་གྱི་ཉམས་མྱོང་ཁྱབ་གདལ་གཏོང་རྒྱུ་འཚོལ་ཞིབ་བྱས་ཏེ་འབྱོར་འབྲིང་གྲོང་ཚོ་གཞན་ལ་མིག་དཔེ་བསྟན་པས་མཐའ་མཚམས་མང་ཚོགས་ལ་རྒྱུན་སྲིང་འབབ་འཕར་ཡོང་བར་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད”དེ་དང་ཕྱོགས་མཚུངས་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ནས་མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞིའི་ཆ་རྐྱེན་དང་བར་མཐོངས་བཀོད་སྒྲིག་ལ་གཞིགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྱོང་འཆར་འགོད(2017ནས2020ལོ་བར)》བཟོས་ནས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར46.36གཏོང་རྩིས་ཡོད་པ་དེ་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས། ཚོང་དོན་འཁོར་རྒྱུག ཐོན་ཁུངས་གསར་སྤེལ་བཅས་ཐོན་ལས་རིགས་ཆེ་གྲས་བདུན་འཕེལ་རྒྱས་གཏོང་བར་སྤྱོད་རྒྱུ་རེད།

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྲིད་གཞུང་གིས་ཕན་ཡོད་ཀྱི་གོ་སྐབས་དམ་བཟུང་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་ཀྱི་ལེ་ལག་ཆ་ཚང་བསྐྲུན་པའི་འཆར་གཞི་དང་ཟུང་འབྲེལ་བྱས་ནས་མུའུ6430ཟིན་པའི་ཇ་ཤིང་ར་བ་གསར་བསྐྲུན་བྱ་རྒྱུ་མ་ཟད། བསྐྲུན་ཟིན་རྗེས་ཚོད་རྩིས་བྱས་ན་ས་གནས་ཀྱི་མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཆ་སྙོམས་མི་རེར་འབབ་འཕར་སྒོར2000ཡོང་རྒྱུ་རེད།

“རྒྱལ་ཁབ་ཀྱིས་དངུལ་བཏང་ནས་ངའི་བུ་གཞིས་རྩེར་རླངས་འཁོར་སྦྱོང་བ་དང་སྦྲགས་རྐོ་འདྲུ་འཕྲུལ་འཁོར་གཏོང་སྟངས་ཀྱང་བསླབས་ཡོད། ད་ཆ་གྲོང་རྡལ་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་སྒོ་རྩ་ནས་ལས་ཀ་རག་གི་འདུག”ཅེས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་མར་དཀར་གྲོང་ཚོའི་ལྷག་པས་བརྗོད།

“མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་བྱས་ཏེ་མཐའ་མཚམས་ས་ཁུལ་རང་ངོས་ཀྱི་རང་བརྟེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཇི་ལྟར་གཏོང་རྒྱུ་ནི་ང་ཚོའི་ལས་ཀའི་ཞན་ཆ་གསབ་རྒྱུ་དེ་ཡིན་པས་ངེས་པར་དུ་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས”ཞེས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་འབྱོར་འབྲིང་ཐོན་ལས་གཞུང་ལས་ཁང་གི་འགན་འཁུར་བས་བརྗོད།

འདི་ལོ་རང་ལྗོངས་ཀྱིས་མུ་མཐུད་གསོ་སྦྱོང་བྱེད་ཤུགས་ཆེར་གཏོང་དང་། སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ས་ཁུལ་གྱི་ཞིང་དུད་ཆུང་གྲས་ཕྱུག་པོ་ཆགས་པའི་ནང་གནས་སྒུལ་ཤུགས་ཆེར་གཏོང་། དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་བཅས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས“ཀུང་སི་དང་། མཉམ་ལས་ཁང་། རྟེན་གཞི། མཐའ་མཚམས་ཀྱི་མི་སེར་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ཧུར་ཐག་བཏོད་དེ་མང་ཚོགས་རང་ས་རང་ཡུལ་དང་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་བཟོ་པར་འགྱུར་བ་དང་ཐོན་ལས་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་ཏེ་མཐའ་མཚམས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁུལ་དང་རོང་སའི་ཁྱབ་ཁོངས་ཀྱི་དཔལ་འབྱོར་བར་ཁྱམས་གཏོད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།