བོད་ལྗོངས་ཀྱིས་གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུས་ཞིང་འབྲོག་པ་མང་བར་ཕན་པ་ཐོབ་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ་གྱི་སྒུལ་བདེའི་འཕྲིན་གཏོང་དྲ་བའི་དགོས་མཁོ་སྐོང་ཆེད། འཕྲིན་གཏོང་དོ་དམ་སྡེ་ཚན་གྱིས་ཐག་རིང་སྲིད་འཛིན་གྲོང་ཚོའི4Gས་ཚུགས་བསྐྲུན་རྒྱུ་དེ་ཁག་བཞི་པའི་གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་ས་ཚིགས་ལ་བརྩིས་པ་རེད། ཚོད་ལྟ་བྱ་ཡུལ་བསྐྲུན་ཟིན་རྗེས་བོད་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་དྲ་ཆེན་དང་འོད་སྐུད་ཤར་གཏོང་ཐུབ་ཚད98%དང4Gཡི་བརྡ་རྟགས་ཤར་གཏོང་ཐུབ་ཚད98%ཟིན་རྒྱུ་རེད།

བོད་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2018ལོའི་ལོ་མཇུག་བར་བོད་དུ་གཏན་འཇགས་དྲ་ཆེན་སྤྱོད་མཁན་ཁྲི78.2ཡོད་པ་དང་། གཏན་འཇགས་དྲ་ཆེན་ཁྱིམ་ཚང་དུ་ཁྲིད་ཚད་དུད་ཚང་བརྒྱ་རེར་ཁ་གྲངས80.91ཟིན་པ། སྒུལ་བདེའི་དྲ་ཆེན་སྤྱོད་མཁན(3G+4G)དུད་ཚང་ཁྲི275.5ཟིན་ནས་ཁྱབ་ཚད83.35%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།