བོད་ལྗོངས་ཀྱིས་རྒྱལ་ཡོངས་ས་ཆའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ6པའི་ཚེས25ཉིན་ནི་རྒྱལ་ཡོངས་ས་ཆའི་ཉིན་མོ་ཨང29པ་ཡིན་ཞིང་། ཚེས25ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་འདི་ལོའི་རྒྱལ་ཡོངས་ས་ཆའི་ཉིན་མོའི“རྨོ་ཞིང་ལ་སྲུང་སྐྱོང་ནན་པོ་དང་ས་ཆ་གྲོན་ཆུང་གྱིས་ལེགས་བསྡུས་ཞིབ་གཉེར་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་དང་ནགས་ལས་རྩྭ་ཐང་ཅུས་དང་། ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས། གཏེར་རིའི་ཁེ་ལས་ཁག་གཅིག་སོགས་བསྡོམས་པས་ཚན་ཁག10ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་རྒྱལ་ཡོངས་ས་ཆའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།