བོད་ལྗོངས་ཀྱིས་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་ལ་བརྟེན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་གོང་འཕེལ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་བོད་ལྗོངས་ཀྱིས་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་གོང་འཕེལ་དེ་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།  བོད་ལྗོངས་ཀྱིས་སྤྱི་ཚོགས་སྟོབས་ཤུགས་གང་ལེགས་སྤྱོད་པ་དང་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་ཀྱི་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས།  མང་ཚོགས་ཀྱི་ལུས་སྦྱོང་ལུས་རྩལ་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད།  2018ལོར་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཀྲུང་གུང་བོད་རང་སྐྱོང་ལྗོངས་ལུས་རྩལ་ལས་རིགས་སྤྱི་ཚོགས་རྩ་འཛུགས་གཞི་རིམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་ཆོག་མཆན་སྤྲད་ནས།  ལུས་རྩལ་སྤྱི་ཚོགས་རྩ་འཛུགས་ཚད་ལྡན་དང་གོ་རིམ་ལྡན་པའི་འཁོར་རྒྱུག་ཐུབ་རྒྱུར་ཁྲིད་སྟོན་བྱས་པ་དང་།  ལུས་རྩལ་ཚན་པའི་འབད་བརྩོན་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་གཞོགས་འདེགས་འོག  རང་ལྗོངས་ཀྱི་མང་ཚོགས་ལུས་རྩལ་རྩ་འཛུགས་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད། 

ལྗོངས་ལུས་རྩལ་ཅུས་མང་ཚོགས་ལུས་རྩལ་ཁྲུའི་ཁྲུའུ་ཀྲང་ཡའོ་ཡུང་ཀང་གིས་ངོ་སྤྲོད་གནང་བར་གཞིགས་ན།  ད་བར་རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་རྐྱང་མའི་ལུས་རྩལ་མཐུན་ཚོགས19དང་ཐེབས་རྩ་ལྷན་ཚོགས2བཙུགས་ཟིན་པ་དང་།  ད་ལོ་མཆོང་རྒྱུག་འཕེན་གསུམ་དང་སྦེ་ག   སྒྲོམ་སྟེགས་སྤོ་ལོ།  གློག་རྡུལ་འགྲན་རྩལ་བཅས་ལྗོངས་རིམ་པའི་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་བཞི་འཛུགས་རྩིས་ཡོད།  རིམ་ཁག་ལུས་རྩལ་རྩ་འཛུགས་ནས་ལུས་རྩལ་ཞབས་ཞུ་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ལུས་སྦྱོང་ནང་ཞུགས་པའི་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་ཕྱིན་པ་རེད།  

ཡའོ་ཡུང་ཀང་ནས་རགས་རྩིས་བརྒྱབ་པར་གཞིགས་ན་ལྗོངས་ལུས་རྩལ་ཅུས་ཁོངས་གཏོགས་དང་རྣམ་གྲངས་རྐྱང་མའི་ལུས་རྩལ་མཐུན་ཚོགས་ཁག་གིས་གཉེར་འགན་འཁུར་བའི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་དམངས་ཡོངས་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་དང་བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་རྟ་རྩལ་གཟིགས་འབུལ།  རི་འཛེག་ལུས་སྦྱོང་བྱེད་སྒོ།   716གི་དམངས་ཡོངས་ཀྱི་ཆུ་རྐྱལ་ལུས་སྦྱོང་གཟའ་འཁོར་བྱེད་སྒོ།  གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར།  ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་འགྲན་བསྡུར་སོགས་ཀྱི་བྱེད་སྒོར་མང་ཚོགས་མི་ཐེངས་ཁྲི་ཚོ21ཞུགས་ཡོད་ཅེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།