བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་འཇམ་དཔལ་གྱིས་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་འཚོགས་ཏེ་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཚད་གཞི་ངོས་ལེན་གཏན་འཁེལ་གྱི་འབྲེལ་ཡོད་དོན་གནད་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། དེང་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་ལས་འགན་དམིགས་ཚད་ལ་དམ་པོར་གཞིགས་ནས་ལས་ཀའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྣོད་བཅུད་དབུལ་སྐྱོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། གསར་དུ་གཏན་ལ་ཕབ་པའི་ཡོང་འབབ་དམའ་བའི་ངོས་འཛིན་གཏན་འཁེལ་གྱི་ཚད་གཞི་ལྟར་ལས་གནས་འདེམས་སྒྲུག་གི་ལས་དོན་ཡག་པོར་བསྒྲུབས་ནས་གནད་སྨིན་འབྲེལ་མཐུད་དང་ལས་གནས་ཀྱི་གྲངས་འབོར་ཚོད་འཛིན་ནན་པོ་བཅས་བྱེད་དགོས། ཆ་འཕྲིན་ཁྱབ་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་ཧུར་ཐག་བྱས་པ་དུས་ཐོག་ཏུ་དམངས་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སྤྲད་ནས་སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཀྱི་ཡོང་འབབ་དམའ་བའི་ཚད་གཞི་ངོས་འཛིན་གཏན་འཁེལ་ལས་དོན་དུས་ཐོག་ཏུ་དོན་འཁྱོལ་དང་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱིས་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།