བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའུ་ཡིས་ལྷག་བསམ་རྣམ་དག་གིས་དབུལ་སྒྲོལ་འགག་སྒྲོལ་ལས་ལ་གཞོལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ནང་ཞུགས་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགན་ནུས་ལས་འགན་ལག་བསྟར་དང་། མི་རིགས་མཐུན་སྒྲིལ་བརྟན་གཏོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་དམ་འཛིན་བྱེད་ས་གལ་ཆེན་ལ་བརྩིས་ཤིང་། དུད་ཚང་དབུལ་པོ་དང་ལྷག་བསམ་ཟོལ་མེད་ངང“གཉེན་ཉེ་སྒྲིག་པ”དང་སེམས་རྩ་འཁོལ་པོས་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་ཆེན་པོ་ཆགས་ཡོད་པ་རེད།

ཆ་སྒྲིག་རོགས་སྐྱོར་བྱེད་པའི“གྲོང་ཚོ་གཉིས་དང་དུད་ཚང་གསུམ”གྱི་གནས་ཚུལ་ངོ་མར་གཞིགས་ཏེ་བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའུ་ཡིས་བསམ་བློའི་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། ཟླ་རེར་དཔོན་དམག་གྲོང་གསེབ་ཏུ་མངགས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་པའི་ཉེ་འཁོར་གྱི་ཕྱིར་སྐྱོད་ལས་སྒྲུབ་དང་ཚོང་གཉེར་སོགས་དབུལ་སྒྲོལ་གྱི་དཔེ་མཚོན་ཡག་པོར་བརྟེན་ནས་དྲིལ་བསྒྲགས་གང་ལེགས་བྱས་པ་དང་། ཞིང་འབྲོག་པར་ཡུལ་གཞན་དུ་བསྐྱོད་ནས་འཚོ་བའི་ལམ་གསར་གཏོད་ཕོད་པ་དང“དབུལ་ཞྭ”སྔ་ཙམ་འབུད་རྒྱུར་ཁྲིད་སྟོན་བྱས་ཡོད། དམག་བསྡུའི་དྲིལ་བསྒྲགས་དང་ཟུང་འབྲེལ་གྱིས་དམག་བསྡུའི་ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་ལ་བོད་ཀྱི་དམག་ཞུགས་གཟིགས་སྐྱོང་སྲིད་ཇུས་དང“མི་གཅིག་དམག་མི་བྱེད། ཁྱིམ་ཚང་ཡོངས་དབུལ་སྒྲོལ་ཡོང”བའི་གནས་ལུགས་གསལ་པོར་བརྗོད་པ་དང་འབྲེལ“སྔོན་དུ་གཉིས”ཀྱི་རྩ་དོན་ལྟར་དབུལ་སྐྱོར་དང་དམག་བསྡུའི་ལས་དོན་ཟུང་འབྲེལ་གང་ལེགས་བྱས་སྟེ། དུད་ཚང་དབུལ་པོའི་བུ་ཕྲུག་དམག་མིར་ཞུགས་ན་སྔོན་དུ་བསྡུ་བ་དང་ཐོབ་ཆ་མཐོ་སར་དམག་ཏུ་ཞུགས་རྒྱུར་སྔོན་དུ་བཀོད་སྒྲིག་བྱེད་ཀྱི་ཡོད།

གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཁྲོད་བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའུ་ཡིས་མི་དམངས་ཉིད་རྩ་བར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོའི་དོན་དངོས་ལ་ཉེ་་བཅར་དང་ཚན་རིག་དང་མཐུན་པའི་ཇུས་གཞི་བཟོས་པ་མ་ཟད། གནད་དོན་མངོན་གསལ་ཐག་གཅོད་བྱས་པ་དང་ཆེད་དོན་གྲོན་དངུལ་སྒོར་ཁྲི5.22གཤམ་སྤྲོད་བྱས་ཏེ་ཆུ་འཐེན་འཕྲུལ་འཁོར་དང་ཞིབ་འཐག་འཕྲུལ་འཁོར2ཉོས་ཏེ་གྲུབ་བཞི་གྲོང་ཚོ་དང་འཕྲེད་གཞུང་གྲོང་ཚོའི་རྨོ་ཞིང་ལ་ཆུ་དཀོན་པའི་གནད་དོན་དང་ཞིང་ལས་ཐོན་ཟོག་ལས་སྣོན་འཕྲུལ་ཆས་ཉུང་བའི་དཀའ་ངལ་སེལ་བ་རེད། “གྲོང་ཚོ་གཉིས་དང་དུད་ཚང་གསུམ”གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་། ཁྱིམ་ཆས་ཆ་ཚང་3ཉོས་ནས་གྲོང་ཚོ་གཉིས་ཀྱི་གཞུང་ལས་དངོས་ཟོག་ཁ་ཐང་བའི་གནད་དོན་དང་དུད་ཁྱིམ་གསུམ་གྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་ཁར་གཞུང་སྒྲུབ་ཁོར་ཡུག་ལེགས་སུ་བཏང་ནས་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།