བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྐུལ་སློང་དང་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་མཚམས་སུ། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་ཀྱིས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད་ལ་ཡིད་ཆེས་བྱེད་ས་དང་། ཏང་སེམས་འཆང་ས། དམངས་སེམས་ཕྱོགས་ས། ཆོད་སེམས་བཅས་ལས་བྱུང་བ་ཞིག་ཡིན་པས་དུས་ལ་བབ་པ་ཞིག་རེད། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་སྐུལ་སློང་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གཙོ་གནད་བྱེད་ཐབས་བཅས་ལ་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས14ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་གཞུང་ལས་ཁང(ནོར་དཔལ་གཞུང་ལས་ཁང་དང་དངུལ་རྩ་ལྟ་སྡོམ་ཅུས)གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་བློ་བཟང་རྒྱ་མཚོ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན་ལ་རང་རེའི་ཏང་གིས་རྒྱལ་ཡོངས་སུ་སྲིད་བསྐྱངས་ནས་བགྲང་བྱ70སོང་བའི་ལོའང་ཡིན། སྔ་འཛིན་ཕྱི་གཏོད་དང་སླར་ཡང་འོད་ཟེར་སྟོང་ལྡན་གཏོད་པའི་དུས་སྐབས་གལ་ཆེན་འདིར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དུས་ལ་བབ་པ་ཞིག་དང་། བབ་དང་མཐུན་པ་ཞིག དོན་སྙིང་ཟབ་མོ་ལྡན་པ་ཞིག་བཅས་རེད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། མིག་སྔ་ནི་ལོ་རྒྱུས་ཀྱི་སྣོལ་མཚམས་གལ་ཆེན་ལ་སླེབས་ཤིང་། སློབ་གསོའི་བྱེད་སྒོའི“དུས་ལ་བབ་པའི”ནང་དོན་ལ་གོ་བ་ཟབ་མོ་ལེན་པར་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས་མིག་སྔའི་སྣེ་མང་རྙོག་འཛིང་ཅན་གྱི་རྒྱལ་སྤྱིའི་དུས་བབ་ལ་སྟངས་འཛིན་དང་། དམིགས་ཚད་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་རྟོགས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ལ་ཤུགས་སྣོན་རྒྱག་པ། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ། སྔོན་ལ་སྦྱོང་ཐུབ་པ་བཅས་ཀྱི་སྒོ་ནས་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་རྟོགས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་སྤྱོད་པ་བཅས་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སོགས་རྩ་དོན་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ཁ་ཞེ་གཉིས་མེད་བཅས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་ཤུགས་སྣོན་རྒྱག་དགོས།

བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་བརྟག་ཞིབ་ཀྱི་ཕན་འབྲས་དངོས་ལ་སྣང་ཆེན་དང་། བརྟག་ཞིབ་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། བརྟག་ཞིབ་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ་གནས་ཚུལ་ངོ་མའི་མཐིལ་རྟོགས་པ་དང་བྱ་ཐབས་དངོས་འདོན་ཐུབ་པ་བྱེད་དགོས། གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་དང་བསྡུར་བ་དང་། རང་སྐྱོང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་དང་ལས་ཞུགས། དེ་བཞིན་སློབ་གསོ་སོགས་གཙོ་གནད་ལས་དོན་ལ་དམིགས་པ། དམངས་ལ་ཕན་པ་སྒྲུབ་པ་དང་དམངས་ཆེད་འགན་འཁྲི་གཙང་སྒྲུབ་དང་དེ་བཞིན་མང་ཚོགས་ལ་སེམས་ཁྲལ་སེལ་རོགས་བྱེད་པའི་ནུས་པ་སོགས་ཀྱི་ཐད་ནས་ཧེ་བག་འཚོལ་བ་དང་། གནད་དོན་འཚོལ་བ། ཐབས་ཤེས་འཚོལ་བ་བཅས་ཀྱིས་གནད་འགག་གནད་ལ་འཁེལ་པོས་འཚོལ་བ་དང་འབྱུང་རྩ་རྩ་བ་ནས་སྔོག་ཐུབ་པ་བྱེད་དགོས། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཁ་གསལ་བཏོན་གནང་བའི་ཁག་དང་པོར་གཙོ་གནད་བཅོས་སྒྲིག་བྱེད་དགོས་པའི་ཕྱོགས་བརྒྱད་ཐད་ཀྱི་གནད་དོན་དང་རང་བཤེར་ཐུབ་པའི་གནད་དོན་ལ་ཞིབ་བསྡུར་ནན་ཏན་བྱས་ཏེ་དག་ཐེར་ལས་འགན་ལ་དམ་འཛིན་ཏན་ཏིག་གིས་ཞིབ་བཤེར་བྱེད་ཀྱིན་དག་ཐེར་བྱེད་པ་དང་། དངོས་འབྲེལ་ཞིབ་བཤེར་དང་དངོས་འབྲེལ་དག་ཐེར་ཐུབ་པ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགོ་ཁྲིད་ཀྱིས་སྣེ་འཁྲིད་པ་དང་གོང་གིས་འོག་ལ་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་དང་། སྤྱོད་ཚུལ་ལེགས་གཏོང་དང་དངོས་ཕན་དོན་གཉེར་མཐའ་འཁྱོངས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་སྤྱོད་ཚུལ་ནན་པོ་དང་། བླང་བྱ་ནན་པོ། བྱེད་ཐབས་ནན་པོ་བཅས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་བྱེད་དགོས།

ཚེས14ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་གཉིས་པ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད། ཁྲེན་ཡུང་ཆིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“རླབས་ཆེན་བཞིར”གཅིག་འདོམས་ཀྱིས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། རྩ་བའི་ལས་འགན། ཞིབ་ཕྲའི་དམིགས་ཚད། གཙོ་གནད་བྱ་ཐབས་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་གཙོ་རྐང་ལ་བརྩིས་ནས་མགོ་ནས་མཇུག་བར་ཁྱབ་པར་བྱེད་པ་དང་། གཏན་འཁེལ་བྱ་སྤྱོད་ཇི་མ་ཇི་བཞིན་དོན་འཁྱོལ་དང་དུས་མཚུངས། བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་དང་། དོན་ལ་འབབ་ས། དམིགས་ས། ཤུགས་རྒྱག་ས། མིག་སྔའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་གཙོ་གནད་དང་དཀའ་གནད་བཅས་ལ་དམིགས་པ། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ཞིབ་བཤེར། དོན་འཁྱོལ་དག་ཐེར་བཅས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།

ཚེས14ཉིན། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་དཔའ་བོ་དཔེ་བཟང་གི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི“ལམ་གཉིས་ཀྱི་སྙིང་སྟོབས་དྲན་གསོ་ཁང”ལ་ལྟ་སྐོར་བྱས་པ་དང་། དངོས་མཚོན་གློག་བརྙན《ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་ལོ་རྒྱུས་དཔྱད་གཞིའི་པར་གཞི》དང《ལམ་གཉིས་སྙིང་སྟོབས་ཀྱི་གཟི་འོད་ནང་ཡང་འཕྲོ》ཞེས་པར་བལྟས་པ་རེད།

ཚེས13ཉིན། རང་སྐྱོང་ལྗོངས་ལས་བྱེད་པ་རྒན་གྲས་ཅུས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུ་འཚོགས་པ་རེད།

ཚེས13ཉིན། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང—བོད་སྐྱོད་བུད་མེད་དམག་ཁག་དང་པོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང》ཞེས་བརྗོད་དོན་གཙོ་བོར་བྱས་པའི་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོའི་འཆད་ཁྲིད་བྱས་པ་རེད།

ཚེས12ཉིན། ལྷོ་ཁ་གྲོང་ཁྱེར་གྱི་ཐད་གཏོགས་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད།

ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།