བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞི་ཁག་དང་པོའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་གཉིས་གཏོད་གཞི་རྟེན་གཏོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ལས་གཏོད་གསོ་སྐྱོང་རྟེན་གཞིའི་ཕྱོགས་བསྡུས་དངོས་ཤུགས་སྔར་བས་ཆེ་རུ་གཏོང་བ། ལས་གཏོད་ཞབས་ཞུའི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་དུས་ལྗོངས་མི་སྤྱི་ཐིང་གིས་བོད་ལྗོངས་སློབ་ཆེན་གྱི་ཕུགས་འདུན་འགྲུབ་པའི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞིར་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞི་ཁག་དང་པོའི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

བོད་ལྗོངས་སློབ་ཆེན་གྱི་ཕུགས་འདུན་འགྲུབ་པའི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞི2017ལོར་བཙུགས་པ་དང་འདི་ནི་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། ནོར་སྲིད་ཐིང་། བོད་ལྗོངས་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་བཙུགས་པའི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞི་ཞིག་ཡིན། དེ་བཙུགས་ཚུན་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་ལས་གཏོད་བྱ་ཆེད་ལས་ཀ་བྱ་ཡུལ་མཁོ་འདོན་བྱས་པ་མ་ཟད། རིགས་ཁག་གི་སྤྱི་ཚོགས་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བཅའ་སྡོད་ཁེ་ལས་ལ་ཁེ་ལས་ཐོ་འགོད་དང་། ཁེ་ལས་བཅོས་སྒྱུར། ལས་གཏོད་ཇུས་འགོད་སོགས་ཐད་ཀྱི་སྟབས་བདེའི་ཞབས་འདེགས་ཞུས་ནས་ལས་གཏོད་ལག་ལེན་དང་། ལས་གཏོད་མཛུབ་ཁྲིད། ལས་གཏོད་སྤེལ་རེས་སོགས་ནུས་པ་མང་པོ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ལས་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་གྲུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ལྗོངས་མི་སྤྱི་ཐིང་གིས་ལྗོངས་ནོར་སྲིད་ཐིང་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་རང་ལྗོངས་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞིའི་གཏན་འཁེལ་དོ་དམ་བྱེད་ཐབས》ཞིབ་བཟོ་བྱས་ཏེ་འཛུགས་སྐྲུན་གྱི་གཞི་ཁྱོན་དང་། ཞབས་ཞུའི་ནང་དོན། སྲིད་ཇུས་ཀྱི་རོགས་སྐྱོར་སོགས་ཐད་ནས་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ཡོད། ལོ་འདིའི་ཟླ་བ་བཅུ་པར་རང་སྐྱོང་ལྗོངས་རིམ་པའི་ལས་གཏོདགསོ་སྐྱོང་རྟེན་གཞི་ཁག་དང་པོའི་དཔྱད་ཞིབ་གཏན་འཁེལ་གྱི་ལས་དོན་སྤེལ་འགོ་ཚུགས་ནས་བོད་ལྗོངས་སློབ་ཆེན་གྱི་ཕུགས་འདུན་འགྲུབ་པའི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞི་དང་། ལྷ་སའི་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས། ཆབ་མདོའི་ཁམས་པའི་མུ་ཏིག་ཀུན་གཏོད་བར་མཐོངས་བཅས་ཚན་པ་གསུམ་རང་ལྗོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞི་ཁག་དང་པོར་གཏན་འཁེལ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།