ལྷ་ས་གྲོང་ཁྱེར་གྱིས་འདི་ལོ་རླངས་འཁོར་འཇོག་ས2000ལྷག་ཙམ་གསར་དུ་བསྣན་རྒྱུ་ཡིན་པ།

res01_attpic_brief.jpg

འདི་ནི་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བའི་ཁྲེང་ཀོན་ཆུས་རྔ་ཆེན་ལམ་ཉི་སྐྱིད་ལྡུམ་རABCཁུལ་ལམ་ནང་ཁུལ་གྱི་རླངས་འཁོར་འཇོག་ས་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱང་རྒྱུན་ཆད་མེད་པར་མང་དུ་སོང་ཞིང་། དེ་ལས་འགྲིམ་འགྲུལ་གྱི་མཁོ་སྤྲོད་འགལ་ཟླ་ཡང་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་ནས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད།

གསར་འགོད་པར་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་རླངས་འཁོར་འཇོག་ས་མི་འདང་བ་དང་གསར་སྐྲུན་གྲོང་ཁུལ་དུ་རླངས་འཁོར་འཇོག་ས་མང་བའི་ད་ཡོད་གནས་ཚུལ་ལ་གཞིགས་ཏེ། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་རླངས་འཁོར་འཇོག་ས་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རླངས་འཁོར་འཇོག་ས་འཛུགས་སྐྲུན་ལས་དོན“ལེགས་བསྡུས་དང་། ནུས་ཆེ། ས་ཆ་གྲོན་ཆུང”བཅས་ཀྱི་རྩ་དོན་གཞིར་བཟུང་སྤེལ་རྒྱུའི་ཁྲིད་སྟོན་བྱེད་པ། ས་ངོས་ཀྱི་རླངས་འཁོར་འཇོག་ས་ནས་རིམ་བཞིན་ས་འོག་དང་ལངས་གཟུགས་རྣམ་པའི་རླངས་འཁོར་འཇོག་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། དེ་དང་ཆབས་ཅིག་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་མཉམ་དུ་རླངས་འཁོར་འགྲོ་འོང་ཉུང་བའི་ལམ་དུམ་གྱི་གཞོགས་གཉིས་སུ་རླངས་འཁོར་འཇོག་ས་གསར་དུ་སྣོན་པ་བཅས་བྱས་ནས་རྒྱ་ཆེའི་གྲོང་མི་ཚོའི་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་བསལ་རྒྱུ་དང་ལྷག་པར་དུ་གྲོང་ཁུལ་རྙིང་པའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་བསལ་ནས་རླངས་འཁོར་འཇོག་པའི་དོ་དམ་སྒྲིག་སྲོལ་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་འཇོག་ས་10ལྷག་ཙམ་དང་རླངས་འཁོར་འཇོག་ས་1000ལྷག་ཙམ་བསྐྲུན་རྒྱུ་དང་ཆབས་ཅིག གཡར་སྤྱོད་འགྲོ་ལམ་གསར་དུ་བསྣན་ནས་རླངས་འཁོར་འཇོག་ས་1000བསྐྲུན་རྒྱུ་རེད།

མིག་སྔར། བསྐྲུན་ཟིན་པ་དང་སྤྱོད་འགོ་ཚུགས་པའི་གྲས་སུ་རྔ་ཆེན་ལམ་ཉི་སྐྱིད་ལྡུམ་ར་ABCཁུལ་གྱི་རླངས་འཁོར་འཇོག་སའི་རླངས་འཁོར་འཇོག་ས་75དང་། གཡུ་ཐོག་ལམ་ནང་ཁུལ་གྱི་རླངས་འཁོར་འཇོག་ས་58 ཉང་བྲན་ལྷོ་ལམ་ནང་ཁུལ་གྱི་རླངས་འཁོར་འཇོག་ས་153བཅས་ཡོད་པ་རེད། ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཉེར་ཡོད་པའི་གྲས་སུ་གཙང་འགྲམ་སྤྱི་གླིང་གི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ས་འོག་རླངས་འཁོར་འཇོག་ས་109དང་བཅིངས་འགྲོལ་ནུབ་ལམ་ཡངས་པ་ཅན་གློག་ཤུགས་ཀུང་སིའི་རླངས་འཁོར་འཇོག་ས་60ཡོད་པ་རེད།

གཞན་ཡང་། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི《ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་དོ་དམ་བྱ་ཐབས》ལ་གཞོགས་འདེགས་ཧུར་ཐག་གིས་བཟོ་བཅོས་རྒྱག་རྒྱུ་ཡིན་ཞིང་། 《བྱ་ཐབས》ནང་རླངས་འཁོར་འཇོག་ས་སྤྱོད་ཡུལ་རང་དགར་སྒྱུར་བ་དང་། ཞིབ་བཤེར་ཆོག་མཆན་མ་ཐོབ་པར་སྤྱི་དམངས་ལ་རླངས་འཁོར་འཇོག་ས་རང་དགར་མཁོ་འདོན་བྱས་ནས་གང་བྱུང་དུ་དངུལ་བསྡུ་བ། གཏན་འབེབས་གཞིར་བཟུང་གཙོ་གཉེར་སྡེ་ཚན་ལ་ཐོ་འགོད་སྙན་སེང་མ་ཞུས་པ། གཏན་འབེབས་གཞིར་བཟུང་རླངས་འཁོར་འཇོག་སར་སྒྲིག་ཆས་བཀོད་སྒྲིག་མ་བྱས་པ་སོགས་ཆད་གཅོད་བྱ་རྒྱུའི་གསལ་བཤད་མ་བྱས་པའི་གནས་ཚུལ་ལ་གཞིགས་ནས་བཟོ་བཅོས་རྒྱག་རྒྱུ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཚན་ལ་ཕྱོགས་སྡོམ་བཟོ་བཅོས་རྒྱག་རྒྱུར་འབུལ་རྒྱུ་དང་ཆབས་ཅིག་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་གིས་རླངས་འཁོར་འཇོག་སའི་ཁུལ་དབྱེའི་འཆར་འགོད་དང་རླངས་འཁོར་འཇོག་རིན་ལེགས་སྒྲིག་སོགས་འབྲེལ་ཡོད་ལས་དོན་ལའང་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།