ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།

W020190529432731425563.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས28ཉིན།  གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཤེས་དཔལ་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཆུའི་སྤུས་ཚད་ཡག་ཤོས་ཀྱི་གྲོང་ཁྱེར་གསུམ་ཅུ་ཡི་ཁྲོད་ཉིང་ཁྲི་འདི་ཉིད་ཨང29པར་སླེབས་པ་དང་།  རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར338ཀྱི་གྲོང་ཁྱེར་མཁའ་རླུང་སྤུས་ཚད་ཀྱི་ཕྱོགས་བསྡུས་གྲངས་འབོར་ཁྲོད་ཉིང་ཁྲི་འདི་ཉིད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 

ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་ཞུས་ལུང་ཧེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན།  དུས་ཡུན་རིང་པོའི་ནང་ཉིང་ཁྲི་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དོ་ཁུར་ཤུགས་ཆེ་བྱས་པ་དང་།  ཉེ་བའི་ལོ་གསུམ་ཙམ་རིང་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་སྤུས་ཚད100ཟིན་པ་དང་།  གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ལེགས་གྲས་སུ་སླེབས་པ།  ནགས་ཚལ་ཁྱབ་ཚད53.6%བཅས་ཟིན་པས་ཉིང་ཁྲིའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བོད་ལྗོངས་ཙམ་མ་ཟད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཡང་སླེབས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།