བོད་ལྗོངས་ཀྱིས་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་ཡོན་གྱི་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། ལྗོངས“གསར་བཙུགས་གཉིས”ཀྱི་ལས་དོན་ཨུ་ལྷན། ལྗོངས་ཁྲིམས་འཛིན་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་ཡོན་གྱི་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ཆེད་དོན་གསོ་སྦྱོང་ལྷ་སར་འགོ་ཚུགས་ཤིང་། གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་ཏང་ཡོན་ཁྲིམས་རྩོད་པ་དང་། ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་ཞུགས་ཧུར་བརྩོན་ཅན། མཚམས་སྦྱོར་རྩ་འཛུགས་ཀྱི་འགན་འཁུར་བ་འགའ་ཞིག་བཅས་ཁྱོན་མི100ད་རེས་ཀྱི་གསོ་སྦྱོང་ལ་ཞུགས་པ་རེད།

ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭར《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ》དང་། 《གུང་ཁྲན་ཏང་ཡོན་གྱིས་ཆོས་ལ་དད་པ་བྱེད་མི་ཆོག་པའི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་འགན་འཁྲི》 《ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ》སོགས་སློབ་ཚན་བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག་སློབ་མ་སྒྲིག་འཛུགས་བྱས་ཏེ་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དང་། སྔོན་གཤེགས་དཔའ་བོ་ཐེན་ཀོན་སེན་གྱི་དྲན་གསོ་ཁང་། བོད་ལྗོངས་ཇོ་མོ་གླང་མའི་ཁྲིམས་རྩོད་པའི་ལས་དོན་སུའོ་ཡི་ཏང་ཀྲི་པུའུ་སོགས་སུ་བསྐྱོད་དེ་སློབ་སྦྱོང་བྱེད་སྒོ་སྤེལ་ཞིང་། སློབ་མ་ཚོས་རྔམ་བརྗིད་ལྡན་པའི་སྒོ་ནས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་གོ་བ་གཏིང་ཟབ་བླངས་ནས་གུང་ཁྲན་རིང་ལུགས་ཆེད་ཚེ་གང་འབད་བརྩོན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་བ་རེད།

ད་རེས་ཀྱི་གསོ་སྦྱོང་ལས་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་ཡོན་ཚོས་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུའི་སྐུལ་འདེད་བཏང་ནས་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་འགྲོ་ལམ། ཆབ་སྲིད་ཀྱི་རྩ་དོན་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱ་རྒྱུ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་ཡོང་བར་བྱ་རྒྱུ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ཁྲོད་ཀྱི་ཁྲིམས་རྩོད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་རང་རྟོགས་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱ་རྒྱུ་སོགས་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།