བོད་ལྗོངས་མཁའ་འགྲུལ་གྱིས་གནམ་གྲུ་ཤར་གཏོང་ས་ཚིགས94མང་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཁའ་འགྲུལ་གྱིས་ཧྭ་ཞ་མཁའ་འགྲུལ་དང་མཉམ་འདྲེན་མཉམ་ལས་བྱས་ཏེ། གནམ་གྲུ་ཤར་གཏོང་ས་ཚིགས30ཡོད་པའི་རྨང་གཞིའི་ཐོག་གནམ་གྲུ་ཤར་གཏོང་ས་ཚིགས94མང་དུ་བཏང་ནས་བོད་དུ་ལས་ཀ་དང་ཡུལ་སྐོར་བྱེད་པར་ཡོང་མཁན་ཚོར་སྟབས་བདེ་བསྐྲུན་ཡོད།

དེ་གོང་བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་སའི་གོང་དཀར་གནམ་ཐང་གི་ཕར་འགྲོ་ཚུར་འོང་བྱེད་སའི་མཁའ་ལམ40%བཟུང་པ་དང་། མཁའ་ལམ་ཁྱོན50ལྷག་ཙམ་ཟིན་པ། ཤར་གཏོང་ཐུབ་པའི་གྲོང་ཁྱེར45ཟིན་ནས་ས་མཐོ་དང་ནང་སའི་གྲོང་ཁྱེར་གཙོ་བོའི་དབར་གྱི་ཤར་གཏོང་རང་བཞིན་གྱི་གནད་དོན་ཐག་གཅོད་ཐུབ་མོད། འོན་ཏེ་གྲོང་ཁྱེར་རིམ་པ་གསུམ་པ་དང་བཞི་པ་འབོར་ཆེན་ཞིག་ལ་ཡུག་སྐྱེལ་ཡོངས་འབྱོར་ཐུབ་ཀྱི་མེད་པ་རེད།

ད་རེས་མཉམ་ལས་བྱས་ཏེ་བོད་ལྗོངས་མཁའ་འགྲུལ་གྱི་མཁའ་ལམ་ཨ་མ་དང་ཧྭ་ཞ་མཁའ་འགྲུལ་གྱི་ཡན་ལག་མཁའ་ལམ་གཉིས་སྡེབ་སྒྲིག་བྱས་ཡོད། ཧྭ་ཞ་མཁའ་འགྲུལ་གྱི་གནམ་གྲུ་ཤར་གཏོང་ས་ཚིགས་ཧྭ་ཤར་དང་ཧྭ་ལྷོའི་གྲོང་ཁྱེར་འབྲིང་ཆུང་ཚང་མར་ཁྱབ་ཅིང་། ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན། ཀུའེ་དབྱང་། ལན་ཀྲོའུ། དབྱིན་ཁྲོན། ཟི་ལིང་། ཐའེ་ཡོན། ཐེན་ཅིན་སོགས་བར་བརྒྱུད་ས་ཚིགས་དང་སྦྲེལ་མཐུད་བྱས་ཏེ། གནམ་གྲུ་ཤར་གཏོང་ས་ཚིགས94མང་དུ་བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་དུ་ཤར་གཏོང་ཐུབ་ཚད་མང་དུ་ནུས་ལྡན་བཏང་ཡོད།

བོད་ལྗོངས་མཁའ་འགྲུལ་ལྷ་ས་འཁོར་རྒྱུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཏུང་ཞའོ་ཧུའུ་ཡིས། བོད་དུ་གནམ་གྲུ་ཤར་གཏོང་ས་ཚིགས་མང་དུ་བཏང་རྗེས་མང་ཚོགས་ཕྱིར་སྐྱོད་ཡུལ་མང་དུ་འགྲོ་བ་དང་། གྲོང་ཁྱེར་ཆེ་འབྲིང་དང་གྲོང་ཁྱེར་ཆུང་བའི་དབར་གྱི་ཡུལ་སྐོར་བའི་འགྲོ་སྐྱོད་དུས་ཚོད་ཐུང་དུ་འགྲོ་བ། མཁའ་ཐོག་སྐྱེལ་འདྲེན་གྱི་ཁྱབ་རྒྱ་ཆེ་རུ་འགྲོ་བ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྣ་ཚོགས་ཀྱང་སྐོང་ཐུབ་རྒྱུ་རེད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།