ཉིང་ཁྲི་གྲོང་ཁྱེར་གྱིས2019ལོའི་ཚན་རྩལ་གཟའ་འཁོར་གྱི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཉིང་ཁྲི་གྲོང་ཁྱེར་གྱིས་ཞ་མོན་ཐང་ཆེན་དུ“ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་ཁྱབ་གདལ་བཏང་ནས་དམངས་ལ་ཕན་པ་བསྐྲུན་པ”བརྗོད་བྱ་ཡིན་པའི2019ལོའི་ཚན་རྩལ་གཟའ་འཁོར་གྱི་བྱ་འགུལ་སྤེལ།

གཅིག་བསྡུས་དྲིལ་བསྒྲགས་ཀྱི་བྱ་འགུལ་ཁྲོད། ཁོངས་གཏོགས་ལས་ཁུངས་སོ་སོ་དང་ཚན་རྩལ་ལས་ཁུངས་ཀྱིས་དྲིལ་བསྒྲགས་འགྲེམ་པང་འགྲེམ་སྟོན་དང་། ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་འགྲེམ་གཏོང་བྱེད་པ། བློ་འདྲིའི་ཞབས་ཞུ་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད།  གྲུབ་འབྲས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བཅས་གཅིག་བསྡུས་ངང་འགྲེམ་སྟོན་བྱས་པ་དང་། གྲོང་ཁྱེར་ཡོངས་སུ“ཚན་རྩལ་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་གཏོང་བའི”རྣམ་པ་ཟབ་མོ་ཞིག་སྐྲུན་ཏེ་རྒྱ་ཆེའི་གྲོང་མི་རྣམས་ལ་ཚན་རྩལ་དེ་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་པ་མྱོང་ཚོར་བྱེད་དུ་བཅུག་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།