གནམ་མཐའི་ཁལ་སྐྱེལ་རུ་ཁག—རིང་དུ་གྱེས་པའི་བོད་བྱང་ཐང་གི་འབྲོག་པའི་རྒྱབ་གཟུགས།

༡.jpg

༩.jpg

ཆུང་དུས་ཀྱི་དྲན་ཤེས་སུ་ཨ་ཕ་རྒྱུན་དུ་ཐག་རིང་དུ་འགྲོ་བཞིན་ཡོད། དཔྱིད་དུས་ཆུ་སྐམ་པའི་དུས་ཚིགས་སུ་བྱང་རྒྱུད་ཀྱི་ཚྭ་མཚོ་རུ་ཚྭ་སྔོག་འདོན་བྱེད་པ་དང་། སྟོན་ཁར་རྩི་ཤིང་སེར་པོར་གྱུར་པའི་དུས་ཚིགས་སུ་ལྷོ་ཕྱོགས་ཀྱི་ལོ་ལེགས་བྱུང་བའི་ཞིང་ཁུལ་དུ་སོང་སྟེ་ཚྭ་དང་འབྲུ་རིགས་བརྗེ་རེས་བྱས་ནས་ཁྱིམ་ཚང་གི་ལོ་གཅིག་གི་བཟའ་འབྲུ་རྒྱུན་འཁྱོངས་བྱེད་དགོས། ཚྭ་ཁལ་སྐྱེལ་ནི་བོད་བྱང་ཐང་གི་སྐྱེས་པ་ཚོའི་དཀའ་ཚེགས་ཆེ་ཤོས་ཀྱི་ངལ་ལས་ཤིག་ཡིན་ལ་འཚོ་གནས་བྱེད་སྟངས་ཤིག་ཀྱང་ཡིན། ཐེངས་དང་པོར་ཁལ་སྐྱེལ་རུ་ཁག་ལ་ཞུགས་པ་དེ་སྐྱེས་པ་འཚར་ལོངས་བྱུང་བའི་མཚོན་རྟགས་ཤིག་ཀྱང་ཡིན།

༢.jpg

༡༡.jpg

བོད་ཀྱི་ནུབ་བྱང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡན་ཡོད་པ་དང་། མཁའ་རླུང་དཀོན་ཞིང་། ནམ་མཁའ་གཡའ་དག་པ་ཞིག་ཡིན་པས་ཚྭ་མཚོ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཆ་ཞིག་རེད།

བོད་བྱང་ཐང་དུ་ཚྭ་མཚོ་གྲངས་ལས་འདས་པ་ཞིག་ཡོད་པ་དང་། དེའི་ཁྲོད་སྐད་གྲགས་ཆེ་ཤོས་ནི་ཁུང་ཁུང་ཚྭ་མཚོ་ཡིན། དེ་ལྷ་ས་དང་བར་ཐག་ལེ་དབར་སྟོང་གི་སར་ཡོད་ཅིང་། དེ་ནི་ཚྭ་དབོར་རུ་ཁག་མང་ཆེ་བའི་ཚྭ་སྔོག་འདོན་བྱེད་ས་རེད། ཚྭ་འདོན་མཁན་གྱིས་ཚྭ་མཚོའི་འགྲམ་དུ་སྒར་བརྒྱབ་ནས་ཚྭ་མཚོ་རུ་ཚྭ་སྔོག་འདོན་པ་བྱེད་པ་དང་། སྔོག་འདོན་བྱས་པའི་ཚྭ་མཚེའུ་འགྲམ་དུ་སྤངས་ནས་ཆུ་རླངས་འགྱུར་བྱུང་རྗེས་སླས་ཁུག་ཏུ་བཅུག་ནས་ཁྱིམ་དུ་དབོར་འདྲེན་བྱེད་པ་རེད། 

༣.jpg

༡༣.jpg

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏེན་ཚྭ་ཁྱབ་གདལ་དང་བེད་སྤྱོད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཏེན་ཚྭ་ཁྱབ་ཚད1997ལོའི19%ནས་ན་ནིང་ལོ་མཇུག་གི97.07%བར་འཕར་ནས་ཤང་གྲོང་གི་ཚྭ་ལས་སྡེབ་སྐྱེལ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད། དེར་བརྟེན། ས་ཐག་རིང་པོར་སོང་ནས་མི་མེད་ཁུལ་དུ་ཚྭ་སྔོག་འདོན་བྱེད་པའི་ངལ་རྩོལ་བྱེད་སྟངས་ལ་འགྱུར་ལྡོག་དང་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས2009ལོ་ནས་བཟུང་རོང་འབྲོག་པའི་ཏེན་ཚྭའི་རིན་གོང་ནོར་སྲིད་ཁ་གསབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལོ་རེར་སྤྱི་པའི་ནོར་སྲིད་མ་དངུལ་སྒོར་ཁྲི3000བཀོད་སྒྲིག་བྱས་ཏེ་རོང་འབྲོག་པའི་ཏེན་ཚྭའི་ཕྱིར་ཚོང་རིན་གོང་སྤྱི་རྒྱ་རེར་སྒོར1.5ནས་སྒོར0.5བར་ཆག་པ་དང་། དེ་དང་ཆབས་ཅིག་སྡེ་ཚན་མང་པོས་མཉམ་དུ་ཏེན་ཚྭའི་བྲིན་ཚོང་དྲ་རྒྱའི་མ་ལག་འཛུགས་སྐྲུན་བྱས་ཏེ་བཟའ་ཚྭ་འཁོར་རྒྱུག་རྩ་འཛུགས་ཅན་དུ་འགྱུར་ཚད་དམའ་བ་དང་། འཁོར་རྒྱུག་ལྷུ་ཚིགས་མང་བ། མ་གནས་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། ད་ཆ་འབྲོག་པས་ཚྭ་དབོར་བའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དེ་ལོ་རྒྱུས་སུ་གྱུར་ནས་མི་རབས་རྗེས་མའི་ཞིབ་འཇུག་བྱེད་པའི་རིག་གནས་སྣང་ཚུལ་ཞིག་ཏུ་གྱུར་ཡོད།

༥.jpg

༡༤.jpg

2017ལོར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས《ཐག་རིང་དུ་ཕྱིན་པའི་ཁལ་སྐྱེལ་རུ་ཁག》ཅེས་པའི་དངོས་མཚོན་གློག་བརྙན་པར་ལེན་བྱས་ནས་སྤྱི་ལེ1400ཡོད་པའི་གནའ་བོའི་ཚྭ་ལམ་དུ་བསྐྱོད་ཅིང་། གནའ་སྔ་མོའི་ཚྭ་མིའི་གཏམ་རྒྱུད་བསྐྱར་བཟོ་བྱས་ཏེ་གནའ་བོའི་རིག་གནས་སྲོལ་རྒྱུན་དེ་སོར་ལོག་བྱས་པ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།