བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་དང་ཡུལ་སྐོར་སྒྲིག་ཆས་འཛུགས་སོགས་ཀྱི་ལས་ཀར་མཐོང་ཆེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་རུ་སྣེ་ཁྲིད་དེ།  ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁར་ཡུལ་སྐོར་སྒྲིག་ཆས་འཛུགས་སྐྲུན་དང་མེ་ཟོན་བདེ་འཇགས་སྒྲིག་ཆས།  རིག་དངོས་བདེ་འཇགས་སོགས་ཀྱི་གནས་ཚུལ་ཐད་བརྟག་ཞིབ་གནང་བ་རེད།  

བརྟག་ཞིབ་ཚོགས་ཆུང་གིས་རིམ་ཁག་ཚན་པ་ཁག་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།  ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ།  མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྤུས་ཚད་དང་ཞབས་ཞུའི་སྤུས་ཚད།  ཡུལ་སྐོར་སྤུས་ཚད་བཅས་ལེགས་སུ་གཏོང་བ་མ་ཟད་ཞབས་ཞུའི་ཆུ་ཚད་ཀྱང་མཐོ་རུ་གཏོང་དགོས་པ་དང་ཆབས་ཅིག  རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་མེ་ཟོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།  རིག་དངོས་བདེ་འཇགས་འགན་སྲུང་བྱེད་པ་བཅས་བྱས་ཏེ།  མཛེས་ལྗོངས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་རིག་དངོས་སྲུང་སྐྱོབ་གཉིས་ཀ་ཡག་པོ་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།