​བོད་རང་སྐྱོང་ལྗོངས་ཀྱི་འགྲེམ་སྟོན་ཚོགས་པ་དར་གོས་ཚོང་ལམ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སུ་ཞུགས་པ།

1557711970412514.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་། དངུལ་གཏོང་ཁོར་ཡུག་ཡག་པོ། ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ། དེ་བཞིན་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཟུགས་བརྙན་གསར་བ་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་བརྒྱུད། ཟླ5བའི་ཚེས11ཉིན་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཐིང་ཀྲང་གཞོན་པ་ལི་ཝུན་ཀོ་ཚོགས་གཙོ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་དང་། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིན། ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུའུ། ལྷོ་ཁ་གྲོང་ཁྱེར་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུའུ། མངའ་རིས་ས་ཁུལ་ཚོང་དོན་ཅུའུ་དང་ཁེ་ལས12བཅས་ལས་གྲུབ་པའི་འགྲེམ་ཞུགས་ཚོང་འགུག་འཐུས་མི་ཚོགས་པ་སྐབས་བཞི་པའི་དར་གོས་ཚོང་ལམ་དངོས་མང་སྟོན་ཚོགས་ནང་དངོས་སུ་ཞུགས་ཡོད་པ་རེད། 

1557711977985012.jpg

སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཚོང་བའི་བར་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་གཉིས་ཕན་མཉམ་རྒྱལ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བ། དངོས་སྒྲུབ་མཉམ་ལས་བྱས་ཏེ་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་པའི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་དར་གོས་ཚོང་ལམ་དངོས་མང་སྟོན་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་ལྗོངས་ཀྱིས་ས་བབ་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། དེ་མིན་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་བཅས་ལ་དམིགས་ནས་དྲིལ་བསྒྲགས་བྱས་པ་དང་། འགྲེམ་དངོས་ལ་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། ཆང་རིགས། བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུ། ལག་བཟོའི་ཐོན་རྫས། ལྗང་མདོག་སྐྱེ་ལྡན་ཟས་རིགས་སོགས་ཁྱད་ལྡན་ཐོན་རྫས་སོགས་ཡོད་ཟེར། 

1557711985958275.jpg

ལི་ཝུན་ཀོ་ཡིས་བཤད་རྒྱུར།  སྔར་ནས་ད་བར་དུ་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་མཐོང་ཆེན་གནང་ནས་སྐབས་རིམ་བྱུང་གི་དར་གོས་ཚོང་ལམ་གྱི་དངོས་མང་སྟོན་ཚོགས་ནང་ཞུགས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ཐེངས་ང་ཚོས་ལྷོ་ཁ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་རྩ་འཛུགས་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དངོས་མང་སྟོན་ཚོགས་སྟེང་ཞུགས་ཡོད། དར་གོས་ཚོང་ལམ་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་བརྒྱུད་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཉམ་ལས་སྟེགས་བུ་བཙུགས་ནས་ཐུན་མོང་ཐོག་འཕེལ་རྒྱས་ལས་དོན་གཉེར་བ་དང་མཉམ་ལས་གཉིས་ཕན་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།