ཁྲེང་ཀོན་ཆུས་ཀྱི་ས་གཙང་ཐོན་ལས་དམངས་ཕྱུག་གི་ཐོན་ལས་སུ་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས“དམངས་འཚོར་དོ་ཁུར་དང་། དམངས་ལ་ཁེ་ཕན་གཏོད་པ། དམངས་ལ་ཞབས་འདེགས་ཞུ་བ། དམངས་ལ་སྟབས་བདེ་སྐྲུན་པ”བཅས་ཀྱི་རྩ་དོན་འཛིན་ནས་ཞིང་ཞོར་ཐོན་རྫས་ཁྲོམ་རའི་ཟོག་གོང་བརྟན་པོ་ཡོང་ཆེད། དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་རྣམ་གྲངས་ཧུར་ཐག་སྤེལ་བ་དང་ཆུའི་ཐོན་ལས་དང་དཀར་ཆུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ཆེན་པོ་དང་མང་ཚོགས་ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་བྱུང་བ་རེད།

“2018ལོར་ང་ཚོས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་ཧུར་ཐག་བྱས་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཐུན་མོང་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་མ་བཏང་ཡོད”ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས“གཉིས་ལྡན་དུད་སྦྲེལ”ཞབས་ཞུ་དོ་དམ་དང་ས་གཙང་བདེ་ཐང་ཐོན་ལས་རྣམ་གྲངས་ཟུང་འབྲེལ་བྱས་ཁར་གླིང་གི་རྣམ་གྲངས་ལེགས་ཆ་གང་ལེགས་སྤྱད་དེ་དུད་སྦྲེལ་ཁྱིམ་ཚང440ཡི་མང་ཚོགས་དབུལ་པོ1371ལ་འབབ་འཕར་བྱུང་བ་དང་མི597ལས་ཞུགས་ཐུབ་པའི་ནང་ཞིང་འབྲོག་པ312ཡོད་ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝུའུ་ཅེ་ཡིས་ངོ་སྤྲོད་བྱས་པ་རེད།

གཞན་ཡང་། 2018ལོར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གནད་སྨིན་དབུལ་སྐྱོར་གྱི་ཁེ་སྤོགས་བགོ་འགྲེམས་ལས་དོན་དོན་འཁྱོལ་ཧུར་ཐག་བྱས་པས་མང་ཚོགས་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཐུབ་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁེ་སྤོགས་བགོ་འགྲེམས་མ་དངུལ་སྒོར་ཁྲི337.51སྤྲད་པ་དང་ཞིང་འབྲོག་པར་གླ་ཆ་སྒོར་ཁྲི1389.34སྤྲད་ཡོད།

“ང་ཚོའི་ཀུང་སིས2018ལོར་ལྷ་ས་གྲོང་ཁུལ་དུ་སྔོ་ཚལ་ཐད་ཚོང་རླངས་འཁོར་དང་ཐད་ཚོང་ས་ཚིགས་སྣ་ཚོགས་ཁྱོན་བསྡོམས72བཀོད་སྒྲིག་བྱས་ཏེ། ཉིན་ལྟར་ཁྲོམ་རའི་རིན་གོང་ལས10%ནས30%བར་དམའ་བའི་ཞིང་ཞོར་ཐོན་རྫས་སྣ་ཁ50ནས60བར་འཚོང་བ་མ་ཟད། ད་དུང་ཚོང་པ་མང་པོས་ལག་བརྒྱུད་བྱེད་པ་དང་ཟོག་གོང་སྤོར་བའི་སྣང་ཚུལ་གཏན་འགོག་ཀྱང་བྱས་ཡོད”ཅེས་ཝུའུ་ཅེས་བཤད་བྱུང་། བསྡོམས་རྩིས་གནད་འཁེལ་བྱས་པར་གཞིགས་ན། 2018ལོར་ཀུང་སི་འདིའི་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་རྣམ་གྲངས་དེས་མང་ཚོགས་ལ་ཁེ་བཟང་སྒོར་ཁྲི800ལྷག་ཙམ་སྟེར་ཡོད།

ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཞིང་འབྲོག་པའི་ལས་ཞུགས་ཐག་གཅོད་བྱེད་ཞོར་དུ་བོགས་དངུལ་སྤྲོད་པ་དང་རྣམ་གྲངས་ཀྱི་ཁེ་སྤོགས་བགོ་བ་མ་ཟད། ད་དུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་མཉམ་ལས་ཁང་དང་མཉམ་འབྲེལ་བྱས་ཏེ་ཞིང་པའི་འདེབས་འཛུགས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་ཡོད། གླིང་གི་རྣམ་གྲངས་ཁག་གི་སྐུལ་སྤེལ་འོག་རང་ཁ་རང་གསོའི་རྗེས་ལུས་ཀྱི་འདུ་ཤེས་ནས་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་ཧུར་ཐག་སྦྱོང་བ་དང་། དེང་རབས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ལ་ཞུགས་པ། འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་བ་བཅས་བར་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་ཤུགས་ཆེན་ཕྱིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།