ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་རྣམ་པ་བརྟན་པོ་རྒྱུན་འཁྱོངས་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ1པོ་ནསཟླ4པའི་བར། ཉིང་ཁྲི་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས961གསར་དུ་འཕར་ནས་དམིགས་ཚད་ལས་འགན་གྱི24%ལེགས་གྲུབ་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.2%ནང་ཚུན་དུ་ཚོད་འཛིན་ཐུབ་པ། ཞིང་འབྲོག་ཁུལ་གྱི་མི་ཐེངས14127ལས་ཞུགས་གཞན་སྒྱུར་ཐུབ་པ། ཞིང་འབྲོག་པ9371ལས་ཞུགས་གཞན་སྒྱུར་ཐུབ་པ། ལས་ཞུགས་གཞན་སྒྱུར་ཡོང་འབབ་སྒོར་ཁྲི2709ཟིན་ནས་སོ་སོར་དམིགས་ཚད་ལས་འགན་གྱི28.3%དང་། 37.5% 13.5%བཅས་ལེགས་གྲུབ་ཟིན་པ། ལས་གཏོད་མི་སྣ35གསར་དུ་འཕར་ནས་མི86ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་རེད།

འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་དང་ལས་གཏོད་སྲིད་ཇུས་ལག་བསྟར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ“དམིགས་པ་བཞི”ལ་བརྟེན་ནས“ངལ་རྩོལ་པས་རང་བརྟེན་ལས་ཞུགས་དང་། ཁྲོམ་རས་ལས་ཞུགས་ལེགས་སྒྲིག སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་དང་ལས་གཏོད་ལ་ལྕག་སྐུལ་བྱེད་པའི”བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་རྣམ་པ་རྒྱུན་མཐུད་བརྟན་པོ་མཐའ་འཁྱོངས་ཐུབ་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་ལས་གནས་གསར་གཏོད་བྱས་པ་བརྒྱུད། “དཔྱིད་རླུང་བྱ་སྤྱོད”དང་། དམངས་གཉེར་ཁེ་ལས་ཀྱི་གདན་ཞུའི་གཟའ་འཁོར། གདན་ཞུའི་ཚོགས་འདུ་རྩེ་གྲ་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་སྦྲགས། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།