ལྷ་སར“ལྗང་མདོག་མཁར་གྲོང་”གི་ནགས་སྐྲུན་ལྗང་སྒྱུར་ལས་གཞི་ལག་བསྟར་བྱས་ནས་སྐར་མ15ཡི་སྐྱེ་ཁམས་ཁུལ་བཏོད་པ།

138004451_15560747391251n.jpg

འདི་ནི་ལྷ་ས་གྲོང་ཁྱེར་འོས་འགན་སྡོང་འཛུགས་ཀྱི་ཡུལ་དངོས་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་གོང་འཕེལ་བཏང་ནས“དུས་བཞིར་རྒྱུན་དུ་སྔོ་ལྗང་ལྡན་པ་དང་དུས་ཚིགས་རེ་ལ་མེ་ཏོག་ཡོད་པ་དང་། སྔོ་ལྗང་ལྡན་པ། མཛེས་སྡུག་ལྡན་པ”བཅས་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་ཏེ“ལྗང་མདོག་མཁར་གྲོང་”གི་ནགས་སྐྲུན་ལྗང་སྒྱུར་ལས་གཞི་ལག་བསྟར་བྱས་ནས་སྐར་མ15ཡི་སྐྱེ་ཁམས་ཁུལ་བཏོད་ཡོད། 

138004451_15560747628011n.jpg

འདི་ནི་ལྷ་ས་གྲོང་ཁྱེར་འོས་འགན་སྡོང་འཛུགས་ཀྱི་ཡུལ་དངོས་རྣམ་པ་རེད། 

རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི“ལྗང་མདོག་མཁར་གྲོང་”གི་ལས་གཞིར་གཙོ་བོ་ལྷོ་བྱང་ནུབ་གདུབ་གཡས་གཡོན་གྱི་མཛེས་ལྗོངས་བར་ཁྱམས་དང་མཐའ་འཁོར་གྱི་རི་ངོས་སུ་ནགས་སྐྲུན་ལྗང་སྒྱུར་བྱེད་པ་གཉིས་འདུས་ཡོད་ཅིང་། དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.44བཏང་ཤིང་རྣམ་གྲངས34དང་འབྲེལ་བ་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་གཞི་ཁྱོན་མུའུ5991.62ཟིན་ཡོད་པ་རེད། 2018ལོའི་ལོ་མཇུག་གི་ཚུན་དུ། འཛུགས་སྐྲུན་རྣམ་གྲངས19དང་ནགས་སྐྲུན་ལྗང་སྒྱུར་མུའུ5051.5ལེགས་གྲུབ་ཟིན་ནས་སྡོང་ཕྲུག་སྣ་ཚོགས་ཁྲི177དང་། རྩྭ་རྐང་ཁྲི22.24། སྤང་ལྗོངས་སྨི་གྲུ་བཞི་མ་ཁྲི4.77། ཉི་མ་མེ་ཏོག་སྨི་གྲུ་བཞི་མ490། སྐལ་བཟང་མེ་ཏོག་སྨི་གྲུ་བཞི་མ་ཁྲི5.64བཅས་འདེབས་འཛུགས་བྱས་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.55བཏང་ཡོད་པ་རེད། 

རྣམ་གྲངས15ལྷག་ཙམ་ནང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་ཕུག་ལམ་ཉེ་འཁོར་གྱི་ནགས་སྐྲུན་སྡོང་ཕྲུག769འདེབས་འཛུགས་བྱས་པ་ཕུད། རྣམ་གྲངས་གཞན་དག་གིས་བྱེད་སྒོ་སྤེལ་ཡུལ་ལེགས་སྒྲིག་དང་སྡོང་ཕྲུག་འདེབས་འཛུགས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད་པ་རེད། 2019ལོར་མ་དངུལ་སྒོར་ཁྲི8049.54བཏང་ནས་རྣམ་གྲངས22ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་དང་སྤྱིའི་འཛུགས་སྐྲུན་གཞི་ཁྱོན་མུའུ3186.9ཟིན་ཡོད་ལ། 2019ལོའི་ཟླ3ཚེས16ཉིན་ཁྱོན་ཡོངས་ནས་སྡོང་འཛུགས་ནགས་སྐྲུན་ལས་དོན་སྤེལ་འགོ་ཚུགས་པ་རེད། 

138004451_15560747830811n.jpg

འདི་ནི་ལྷ་ས་གྲོང་ཁྱེར་འོས་འགན་སྡོང་འཛུགས་ཀྱི་ཡུལ་དངོས་རྣམ་པ་རེད། 

 “ལྗང་མདོག་མཁར་གྲོང་”གི་ལས་གཞི་བརྟན་པོའི་ངང་སྤེལ་བ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི866.33སླེབས་པ་དང་། ནགས་ཚལ་ཁྱབ་ཚད19.49%སླེབས་པས་ནགས་ཚལ་གྱི་རྒྱ་ཁྱོན་དང་ནགས་ཚལ་ཁྱབ་ཚད་གཉིས་འཕར་བ་དང་བྱེ་ཐང་ཅན་དང་ས་ཞིང་བྱེ་འགྱུར་རྒྱ་ཁྱོན་རྒྱུན་མཐུད་ངང་ཇེ་ཉུང་དུ་འགྲོ་བ་མངོན་འགྱུར་བྱུང་བ། མི་འཚོ་སྡོད་བྱེད་པའི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།