དཔེ་དེབ་བརྒྱུད་སྤྲོད་བྱས་ཏེ་ཤེས་བྱར་མཉམ་དུ་རོལ་ཞེས་པའི་བྱེད་སྒོ་ལྷ་ས་ཚོད་ལྟའི་སློབ་ཆུང་གི་ཡན་ལག་སློབ་གྲྭར་སྤེལ།

W020190424371821205363.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས24པ་སླེབས་པ་དང་བསྟུན་ནས་སྤྱི་ཟླ4པའི་ཚེས22ཉིན་གྱི་ཕྱི་དྲོ།  དྲི་བསང་གཞན་ལ་ཕུལ་ཡང་དྲི་ཞིམ་ལག་ཏུ་འཇག དཔེ་དེབ་བརྒྱུད་སྤྲོད་བྱས་ཏེ་ཤེས་བྱར་མཉམ་དུ་རོལ་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སློབ་གྲྭའི་ནང་དུ་དཔེ་དེབ་སྐོར་སྐྱོད་བྱེད་པའི་བྱེད་སྒོ་སློབ་གསོའི་གྲོང་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཡན་ལག་སློབ་གྲྭར་སྤེལ་བ་རེད།

W020190424371821279482.jpg

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཝུས་ཞའོ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་ལག་ཏུ་ཡོད་པའི་དཔེ་དེབ་དཔྱད་གཞི་བྱས་ཏེ་ཐོན་ཁུངས་མཉམ་རོལ་བྱེད་པའི་དཔེ་ཀློག་གི་ཁོར་ཡུག་ཞིག་བཏོད་ནས།  སློབ་མའི་དཔེ་ཀློག་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཆབས་ཅིག་སློབ་མའི་དཔེ་ཀློག་གི་དགའ་ཞེན་བསམ་པ་འཕེལ་བ་དང་དཔེ་ཀློག་གི་གོམས་གཤིས་བཟང་པོ་གསོ་སྐྱོང་ཐུབ་པ་བྱེད་རྒྱུ་དེ་རེད།

W020190424371821344417.jpg

ཤེས་རྟོགས་བྱས་པར་གཞིགས་ན།  སློབ་གསོའི་གྲོང་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ཡན་ལག་སློབ་གྲྭའི་འཛིན་གྲྭ17གྱི་སློབ་མ900ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་ཡོད་པ་དང་།  སློབ་མ་ཚོས་རང་ཉིད་ཀྱི་རང་བྱུང་ས་ཁམས་དང་རིག་གནས་ཚན་རྩལ།  གཏམ་རྒྱུད་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་དཔེ་དེབ2300ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།