དམག་མི་གསར་བ800གནམ་གྲུར་བསྡད་དེ་བོད་ལྗོངས་མངའ་རིས་ས་མཐོར་འབྱོར་པ།

4437e6581c891e20bcdb01.jpg

འདི་ནི་འཐབ་འཛིང་པ་གསར་པ་ཚོ་དམངས་སྤྱོད་གནམ་གྲུ་བསྡད་དེ་བོད་ལྗོངས་མངའ་རིས་དགུན་ས་གནམ་ཐང་དུ་འབྱོར་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་འཐབ་འཛིང་པ་གསར་པ800ལྷག་ཙམ་ཤིན་ཅང་ཡེ་ཁྲེང་དུ་དུས་ཡུན་ཟླ6གི་རྨང་གཞིའི་སྦྱོང་བརྡར་གྲུབ་རྗེས་སྐམ་ཐོག་སྐྱེལ་འདྲེན་དང་མཁའ་ཐོག་སྐྱེལ་འདྲེན་ཟུང་འབྲེལ་གྱིས་དུས་ཡུན་ཉིན8ནང་ཤིན་ཅང་ཁ་ཧྲེ་ཐ་ནས་དམངས་སྤྱོད་གནམ་གྲུ་བསྡད་དེ“དཀའ་ཚེགས་ཅན་གྱི་ཡུལ”དུ་འབོད་པའི་བོད་ལྗོངས་མངའ་རིས་ས་མཐོར་བསྐྱོད་དེ་ཁོང་ཚོའི་མཐའ་སྲུང་གི་འཚོ་བ་སྐྱེལ་འགོ་ཚུགས་པ་རེད། ཟླ4པའི་ཚེས16ཉིན་ལས་འགན་སྒྲུབ་རིམ་ལྟར་ཁག་བགོས་རུ་ཁག་མཐའ་མ་དེ་ཡན་ལག་དམག་ཁུལ་བཅའ་སྡོད་བྱ་ཡུལ་སེང་གེ་ཁ་འབབ་གྲོང་རྡལ་དུ་འབྱོར་པ་དང་བསྟུན་ནས་ད་ལོའི་དམག་གསར་སྐྱེལ་འདྲེན་གྱི་ལས་ཀ་བདེ་བླག་ངང་ལེགས་གྲུབ་ཟིན་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།