ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་དང་། བོད་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་བཅས་གོང་མཐོར་གཏོང་ཆེད། བོད་ལྗོངས་ཀྱིས་སྤྱི་ཟླ4པའི་ཚེས15ཉིན་གྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར། རྒྱལ་ཁབ་ཀྱི་བདེ་འཇགས་མི་ཚང་མ་དང་འབྲེལ་བ་ཡོད་ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་གཡུ་ཐོག་ལམ་དུ་སྤེལ་བ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། བྱེད་སྒོའི་ཐོག་རིགས་ཁག་གི་དྲིལ་བསྒྲགས་ཡིག་ཆ50000ལྷག་ཙམ་སྤྲད་པ་དང་། འགྲེམས་སྟེགས100ལྷག་ཙམ་བཤམས་པ། མང་ཚོགས་ཀྱི་བློ་འདྲི་བྱེད་ཚད་མི་ཐེངས500ཙམ་ཟིན་པ། སློབ་གསོ་ཐེབས་པའི་མི་གྲངས20000ཙམ་ཟིན་པས་དམངས་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་ནང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།