ཆེད་མངགས་སློབ་ཆེན་སློབ་ཐོན་སློབ་མ་ལས་མིར་བསྡུ་བའི་བྱེད་སྒོ་ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་རར་གཉེར་པ་རེད།

W020190414424263407948.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཕོངས་ས་ཁུལ་ནས་ཡོང་བའི་སློབ་ཆེན་སློབ་ཐོན་སློབ་མར་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་ཆེད། སྤྱི་ཟླ4པའི་ཚེས13ཉིན། མི་སྤྱི་ཚན་པ་དང་བོད་ལྗོངས་མི་སྤྱི་ཐིང་གིས་གཙོ་གཉེར་བྱས་པའི་གྲོང་ཁྱེར་ཆེ་འབྲིང་གི་མཉམ་འབྲེལ་ཐོག་ལས་མི་བསྡུ་བའི་བྱེད་སྒོ་སྐབས་དྲུག་པའམ་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མ་ཆེད་མངགས་ལས་མིར་བསྡུ་བའི་བྱེད་སྒོ་དེ་ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་རར་གཉེར་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་དེ་གཙོ་བོ་སློབ་ཆེན་སློབ་མར་ཁ་ཕྱོགས་པ་ཡིན་ཞིང་།  བོད་ལྗོངས་ཀྱི་ལས་ཁུངས་ཁག་ཕུད་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་གཞན་གྱི་ཁེ་ལས་ཀྱང་ཡོད་པས།  ཁྱོན་ལས་ཁུངས253གྱིས་ལས་གནས5500ལྷག་མཁོ་འདོན་བྱས་ཡོད།  དེའི་ནང་སློབ་གསོ་དང་གསོ་རིག  དངུལ་རྩ།  འཛུགས་སྐྲུན།  ཁྲོམ་རའི་འགྲེམ་འཚོང་།  ནོར་དོན་སོགས་ཀྱི་ལས་རིགས་ཚུད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།