སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ད་ལོའི་ནུབ་རྒྱུད་འཆར་གཞིའི་བོད་ལྗོངས་ཀྱི་ཆེད་དོན་དང་བླངས་པའི་མིང་ཐོ་འགོད་རྩིས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི2019ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་མིང་ཐོ་འགོད་རྩིས་ཡོད་པ་དང་།  མིང་ཐོ་འགོད་མཁན་དག་ལ་ཚང་དགོས་པའི་ཆ་རྐྱེན་ནི་དང་བླངས་ཞབས་ཞུའི་སྙིང་སྟོབས་ལྡན་པ་དང་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཡོན་ཚད་ཡན་ལྡན་དགོས་པ་མ་ཟད་ད་ལོར་སློབ་ཆེན་ཐོན་པའི་སློབ་མ་ཡིན་པ།  ཡང་ན་སློབ་སྦྱོང་བྱེད་བཞིན་པའི་ཤེས་རམས་པ་དང་འབུམ་རམས་པ་བཅས་ཡིན་དགོས།  མིང་ཐོ་འགོད་པའི་དུས་ཚོད་ནི་སྤྱི་ཟླ4པའི་ཚེས21ཉིན་ནས་སྤྱི་ཟླ6པའི་ཚེས1ཉིན་བར་ཡིན་ཞིང་།  དེའི་རིང་མིང་ཐོ་འགོད་མཁན་དག་གིས་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་གཞུང་ཕྱོགས་དྲ་ཚིགས་སུ་ཐོ་འགོད་རེ་མིག་རྒྱོང་དགོས་པ་མ་ཟད།  ཕབ་ལེན་དང་པར་ལོག་བརྒྱབ་སྟེ་རང་རང་གི་སློབ་གྲྭའི་རྣམ་གྲངས་གཞུང་ལས་ཁང་དུ་འབུལ་དགོས།

2011ལོར་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་རྣམ་གྲངས་གཞུང་ལས་ཁང་གིས་བོད་ཀྱི་ཤེས་ལྡན་པའི་གྲུབ་ཆའི་དགོས་མཁོར་གཞིགས་ཏེ།  སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་ཞབས་ཞུའི་རྣམ་གྲངས་བཀོད་སྒྲིག་བྱས་པ་རེད།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ནུབ་རྒྱུད་འཆར་གཞིའི་ལས་ཀར་མཐོང་ཆེན་དང་སྡེ་ཚོགས་ཀྲུང་དབྱང་ནས་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འོག  2014ལོ་ནས་བཟུང་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་ཞབས་ཞུའི་རྣམ་གྲངས་ཀྱི་དང་བླངས་པ2000བར་མང་དུ་བཏང་ཡོད།  2018ལོའི་བར་སྡེ་ཚོགས་ཀྲུང་དབྱང་གིས་བོད་ལ་སློབ་ཆེན་སློབ་ཐོན་སློབ་མའི་དང་བླངས་པ7000ལྷག་ཙམ་མངགས་གཏོང་བྱས་ཡོད་པའི་ནང་།  དང་བླངས་པ3000ལྷག་ཙམ་གྱིས་དང་བླངས་ཞབས་ཞུའི་དུས་ཚོད་ཟིན་རྗེས་བོད་དུ་མུ་མཐུད་ལས་ཞུགས་ལས་གཏོད་བྱས་ཡོད། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།