2019ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྣམ་གྲངས་ཀྱི་མིང་ཐོ་འགོད་རྩིས་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས9ཉིན་གྱི་སྔ་དྲོ། གསར་འགོད་པས་རང་སྐྱོང་ལྗོངས་སྡེ་ཚོགས་ཨུ་ལྷན་གྱི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་རྣམ་གྲངས་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་། 2019ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྣམ་གྲངས་ཀྱི་མིང་ཐོ་འགོད་རྩིས་ཡོད་པ་རེད།

དང་བླངས་ཞབས་ཞུའི་སྙིང་སྟོབས་ལྡན་པ་མ་ཟད། ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ལོ་འདི་གའི་སློབ་ཐོན་སློབ་མ་དང་སློབ་གྲྭ་འགྲིམས་བཞིན་པའི་རབ་འབྱམས་སློབ་མ་དང་འབུམ་རམས་ཞིབ་འཇུག་སློབ་མས་ཟླ4བའི་ཚེས21ཉིན་ནས་ཟླ6པའི་ཚེས1ཉིན་བར(ཞིབ་ཕྲ་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་གཞུང་ཕྱོགས་དྲ་ཚིགས་གཙོ་བོ་ཡིན)སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་གཞུང་ཕྱོགས་དྲ་བ(https://xibu.youth.cn/)ཞུགས་ནས་མིང་ཐོ་འགོད་པ་དང་འབྲེལ་ཕབ་ལེན་བྱས་ཏེ་པར་བརྒྱབ་ནས་རང་ཉིད་གནས་ཡུལ་མཐོ་སློབ་ཀྱི་རྣམ་གྲངས་གཞུང་དོན་ཁང(སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་དུ་བཙུགས་པ)དུ་སྐྱེལ་དགོས།

གལ་ཏེ་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྣམ་གྲངས་ཀྱི་འབྲེལ་ཡོད་སྲིད་ཇུས་སྔར་བས་ཤེས་དགོས་ཚེ། གོང་གསལ་གྱི་ཆ་རྐྱེན་དང་མཐུན་པའི་སློབ་ཆེན་སློབ་མས་བོད་ཀྱི་རྣམ་གྲངས་གཞུང་དོན་ཁང་ལ་བློ་འདྲི་བྱ་ཆོག་ཅིང་། ཁ་པར་ཨང་གྲངས08916323988ཡིན་པ་དང་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྣམ་གྲངས་ཀྱི2019ལོའི་བློ་འདྲིའི་ཚོགས་པ་སྟེ། 203799293(པེ་ཅིང་དང་། ཧོ་པེ། ཐེན་ཅིན། ཧེ་ལུང་ཅང་། ཅིས་ལིན། ལེའོ་ཉིང)དང་། 582373046(ཧྲན་ཏུང་དང་། ཅང་སུའུ། ཨན་ཧུའེ། ཧྲང་ཧའེ། ཀྲེ་ཅང་། ཕུའུ་ཅན། ཧོ་ནན)དང་། 582884224(ཧྲའན་ཤིས་དང་། ཁྲུང་ཆིང་། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཧྲན་ཤིས། ཅང་ཤིས)བཅས་སུའང་ཞུགས་ཆོག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།