བོད་ལྗོངས་ཀྱིས་རང་བརྟེན་ལས་ཞུགས་ཀྱི་དམག་ཞབས་ཐིམ་པའི་དམག་མི་དང་གཙོ་གནད་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་འཐེན་འཕྲིའི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱིས་མཐོ་རུ་གཏོང་རྒྱུའི་ཚད་འབོར་དང་གྲངས་འབོར་ཚད་གཞི་གཞིར་བཟུང་། བོད་ལྗོངས་ཀྱིས་རང་བརྟེན་ལས་ཞུགས་ཀྱི་དམག་ཞབས་ཐིམ་པའི་དམག་མི་དང་གཙོ་གནད་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་འཐེན་འཕྲིའི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་བརྟེན་ལས་ཞུགས་ཀྱི་དམག་ཞབས་ཐིམ་པའི་དམག་མིས་ཁེར་རྐྱང་གཉེར་སྐྱོང་གི་བྱ་གཞག་གཉེར་མཁན་གྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་བཀོད་བྱས་པའི་ཟླ་བ་ནས་བཟུང་། ལོ་3ནང་དུད་ཚང་རེར་ལོ་རེར་སྒོར12000གི་རྨང་གཞིའི་ཐོག20%སྤོར་རྒྱུ་ཡིན་པ་རེད།

ཁེ་ལས་ཀྱིས་བསྡུས་པའི་རང་བརྟེན་ལས་ཞུགས་ཀྱི་དམག་ཞབས་ཐིམ་པའི་དམག་མི་དང་ལོ1ཡན་གྱི་དུས་བཅད་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ། ཁྲིམས་བཞིན་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ངལ་རྩོལ་གན་རྒྱ་བཞག་ནས་སྤྱི་ཚོགས་འགན་བཅོལ་འཇལ་བའི་ཟླ་བ་ནས་བཟུང་། ལོ་3ནང་མི་རེར་ལོ་རེར་སྒོར6000གི་རྨང་གཞིའི་ཐོག50%སྤོར་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང《ལས་ཞུགས་ལས་གཏོད་ཀྱི་ལག་ཁྱེར》(“རང་བརྟེན་ལས་ཞུགས་ཁྲལ་བསྡུའི་སྲིད་ཇུས”སམ་ཡང་ན“སློབ་གྲྭ་ཐོན་པའི་ལོ་འཁོར་ནང་རང་བརྟེན་ལས་གཏོད་ཁྲལ་བསྡུའི་སྲིད་ཇུས”འཁོད་ཡོད་པ)ཡོད་པའམ་ཡང་ན《ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར》(“རང་བརྟེན་ལས་གཏོད་ཁྲལ་བསྡུའི་སྲིད་ཇུས”འཁོད་ཡོད་པ)ཡོད་པའི་མི་སྣ་ཁེར་རྐྱང་གཉེར་སྐྱོང་ནང་ཞུགས་རིགས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་བྱེད་པའི་ཟླ་བ་ནས་བཟུང་། ལོ་3ནང་དུད་ཚང་རེར་ལོ་རེར་སྒོར12000གི་རྨང་གཞིའི་ཐོག20%སྤོར་ཡིན་པ་རེད།

ཁེ་ལས་ཀྱིས་བསྡུས་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་། དེ་བཞིན་མི་སྤྱི་སྡེ་ཚན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིར་ལས་ཤོར་ཐོ་བཀོད་བྱས་ནས་ལོ་ཕྱེད་ཡན་སོང་བ་དང་། 《ལས་ཞུགས་ལས་གཏོད་ལག་ཁྱེར》རམ་ཡང་ན《ལས་ཞུགས་ལས་ཤོར་ཐོ་འགོད་ལག་ཁྱེར》(“ཁེ་ལས་ཀྱིས་ཁྲལ་བསྡུ་བའི་སྲིད་ཇུས”)ཡོད་པའི་མི་སྣ་དང་ལོ་1ཡན་གྱི་དུས་བཅད་ངལ་རྩོལ་གྱི་གན་རྒྱ་བཞག་ནས་ཁྲིམས་བཞིན་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བའི་ཟླ་བ་ནས་བཟུང་། ལོ3ནང་མི་རེར་ལོ་རེར་སྒོར6000གི་རྨང་གཞིའི་ཐོག30%སྤོར་རྒྱུ་བཅས་ཡིན་པ་བསྟན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།