བོད་ལྗོངས་མཁའ་འགྲུལ་གྱིས་སྒུལ་བདེའི་དུད་སྣེ་ནས་སྤ་སེ་ཚོང་བའི་ཞབས་ཞུའི་ནུས་པ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་མཁའ་འགྲུལ་གྱི་སྒུལ་བདེའི་དུད་སྣེ་ནས་སྤ་སེ་ཚོང་བའི་ཞབས་ཞུའི་ནུས་པ་དངོས་སུ་སྤྱོད་འགོ་ཚུགས་ནས་འགྲུལ་པར་དུས་དང་རྣམ་པ་ཀུན་ཏུ་འགྲུལ་བཞུད་སྤ་སེའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཁའ་འགྲུལ་གྱི་སྒུལ་བདེའི་དུད་སྣེ་ནས་སྤ་སེ་ཚོང་བའི་ཞབས་ཞུའི་ནུས་པ་གཙོ་བོ“དུས་གཏན་གནམ་གྲུའི་ཞབས་ཞུ”དང་། “ངོ་མཚར་ཆེ་བའི་བྱེད་སྒོ” “བོད་ལྗོངས་མཁའ་འགྲུལ་ཞབས་ཞུ”བཅས་ཁག་ཆེ་གྲས3ལ་དབྱེ་ཡོད་པ་དང་། འགྲུལ་པས་གནམ་གྲུའི་སྤ་སེ་སྟབས་བདེའི་ངང་མངགས་ཉོ་དང་། དྲ་ཐོག་ནས་གནམ་གྲུའི་རྐུབ་སྟེགས་འདེམས་པ། རིན་གོང་བཅག་པའི་གནམ་གྲུའི་སྤ་སེ་འདྲི་རྩད། མཁའ་འགྲུལ་གྱི་འགན་བཅོལ་ཉོ་བ་སོགས་བྱེད་ཆོག་པས་འགྲུལ་པར་སྟབས་བདེ་ཆེན་པོ་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།