ཝུའུ་དབྱིང་ཅེས་དགེ་རྒྱས་རྫོང་དུ་མངའ་རིས་ས་ཁུལ་གྱི་ལས་དོན་སྙན་སེང་ཞིབ་ཚགས་ངང་གསན་གནང་བ།

W020190222331507554284.jpg

ཚེས19ཉིན་གྱི་ཕྱི་དྲོ་ཝུའུ་དབྱིང་ཅེས་དགེ་རྒྱས་རྫོང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་དང་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས18ནས20ཉིན་བར། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པར་དམིགས་པ་དང་།  རིམ་ལྔའི་ཧྲུའུ་ཅི་དབུལ་སྐྱོར་བྱ་ཡུལ་ཚང་མར་འཚམས་འདྲིར་སྐྱོད་དགོས་པའི་བླང་བྱར་གཞིགས་ནས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྟབས་བདེའི་ངང་རྡོག་ཐོན་གནང་སྟེ། ཁ་བ་བུ་ཡུག་ལ་མ་འཛེམས་པར་ལམ་ཐག་སྤྱི་ལེ2000ལྷག་བསྐྱོད་དེ།  ས་བབ་མཐོ་ཚད་སྨི4500ཟིན་པའི་གཞིས་རྩེའི་ས་དགའ་རྫོང་དང་། ས་བབ་མཐོ་ཚད་སྨི4600བརྒལ་བའི་མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་།  དགེ་རྒྱས་རྫོང་སོགས་སུ་ཕེབས་ནས་འབྲོག་པ་རྣམས་དང་མཉམ་ཟ་མཉམ་སྡོད་ཀྱིས་ལྷན་དུ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྐོར་གླེང་གནང་བ་རེད། ལམ་བར་དུ་ཝུའུ་དབྱིང་ཅེས་འབྲོག་རར་ཕེབས་ཤིང་འབྲོག་ཁྱིམ་དུ་འཚམས་འདྲི་གནང་ལ། མཉམ་ལས་ཁང་དང་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་ཕེབས་ནས། ས་ཆ་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་གྲོས་དྲིས་པ་དང་། དབུལ་པོའི་གནས་ལས་བསྒྲལ་བའི་དུད་ཚང་ལ་བསྟོད་བསྔགས་དང་སྐུལ་ལྕག་གནང་འདུག ད་དུང་སློབ་ཆེན་ཐོན་པའི་སློབ་མ་དང་བྱ་གཞག་གསར་གཏོད་སྐོར་གླེང་ཞིང་། ཕྱུག་འགྱུར་སྣེ་ཁྲིད་པ་དང་མཉམ་དུ་དབུལ་སྒྲོལ་འབབ་འཕར་གྱི་ཐབས་ཇུས་བཏིངས་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་ཆེས་ཆེར་འཕེལ་བ་རེད། 

ཝུའུ་དབྱིང་ཅེས་དགེ་རྒྱས་རྫོང་དུ་མངའ་རིས་ས་ཁུལ་གྱི་ལས་དོན་སྙན་སེང་ཞིབ་ཚགས་ངང་གསན་གནང་བ་རེད། མངའ་རིས་ས་ཁུལ་གྱི་འགན་འཁུར་བློ་མཐུན་གྱི་འབྲེལ་ཡོད་ལས་དོན་སྙན་སེང་གསན་རྗེས། ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲིའང་གནང་བ་རེད། ཝུའུ་དབྱིང་ཅེས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ60འཁོར་བའི་ལོ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་ལོ་ཡིན་པས།  

གཅིག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་དགོས་པ་དང་། 

གཉིས་ནས་བརྟན་ལྷིང་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས། 

གསུམ་ནས་དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།  

བཞི་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྒྱུར་འཕེལ་བརྟན་གསུམ་གྱི་རྩ་བ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

སྒེར་རྩེ་རྫོང་དུང་མཚོ་ཤང་དུང་མཚོ་གྲོང་ཚོར། ཝུའུ་དབྱིང་ཅེས་དབུལ་སྒྲོལ་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་རྒྱ་ཆེའི་འབྲོག་པར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་གནང་བཞིན་པ། 

མཚོ་ཆེན་རྫོང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་དབུལ་སྒྲོལ་དུད་ཚང་དགྲ་ལྷའི་ཁྱིམ་དུ། ཝུའུ་དབྱིང་ཅེས་ཚང་མ་དང་ལྷན་དུ་བཞུགས་ནས་ཡོང་འབབ་དང་ཕྱུག་འགྱུར་གྱི་སྐོར་གླེང་བ་དང་། ཚང་མས་ཧྲུའུ་ཅི་ཝུའུ་ལགས་ལ་ཕ་ཡུལ་དང་ཁྱིམ་གྱི་འཚོ་བར་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་གླེང་ནས། ཏང་དང་སྲིད་གཞུང་གི་དྲིན་ཚོར་བསམ་པ་མཚོན་པར་བྱས་ཡོད།  

2012ལོ་ནས་བཟུང་། དགེ་རྒྱས་རྫོང་གཞུང་པ་ཤང་སྐྱའུ་གྲོང་ཚོའི་མི་རིགས་ལག་ཤེས་ལས་སྣོན་རྟེན་གཞི་བརྒྱུད། གྲོང་ཚོ་ཡོངས་ཀྱི་དུད་ཚང་15ཡི་མང་ཚོགས་52དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་དང་། གྲོང་མིས་མ་དངུལ་བཞག་པ་བརྒྱུད་ལོ་ལྟར་ཆ་སྙོམས་ཡོང་འབབ་སྒོར་12600ཟིན་གྱི་ཡོད། འདི་ནི་ལས་སྣོན་རྟེན་གཞིའི་འབྲོག་པ་ཨོ་རྒྱན་གྱིས་ཕྱུ་པ་བཙེམས་ནས་དབུར་ཏི་རྒྱག་བཞིན་པ། 

ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་གྱི་ཧོར་པའི་ལུག་གསོ་ཚགས་རྟེན་གཞི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཡུལ་བབ་ལ་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་ཡག་པོ་ཐུབ་པའི་དཔེ་མཚོན་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།