ན་ནིང་བོད་ལྗོངས་ཁེ་ལས་ཀྱིས་མཐའ་མཚམས་ཉོ་ཚོང་ཁྲོད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར24.12ཟིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2018ལོར་བོད་ལྗོངས་ཁེ་ལས་ཀྱིས་མཐའ་མཚམས་གྲངས་ཉུང་ཉོ་ཚོང་བྱེད་པའི་ཁྲོད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར24.12ཟིན་ནས།  ལོ་འཁོར་མོའི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་གྱི50.8%ཟིན་ཡོད། 

བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན།  མཐའ་མཚམས་གྲངས་ཉུང་ཉོ་ཚོང་དེ་གཙོ་བོ་སྐྱིད་གྲོང་འགག་སྒོ་ནས་བྱེད་ཀྱི་ཡོད་པ་དང་ཕྱོགས་གཉིས་པོའི་མཐའ་མཚམས་གྲངས་ཉུང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར24.11ཟིན་པས3.96བརྟན་པོའི་ངང་འཕར་སྣོན་བྱུང་བ་དེས།  རང་ལྗོངས་ཁེ་ལས་ཀྱི་མཐའ་མཚམས་གྲངས་ཉུང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་གྱི99.9%དང་སྐྱིད་གྲོང་འགག་སྒོའི་ཕྱི་ཕྱོགས་ཉོ་ཚོང་སྤྱི་འབོར་གྱི97.53ཟིན་གྱི་ཡོད།  

ཤེས་རྟོགས་བྱས་པར་གཞིགས་ན། 2018ལོར་ལྷ་ས་འགག་སྒོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཨེ་ཤི་ཡ་ལྷོ་མའི་བགྲོད་ལམ་ཆེ་མོ་གང་མགྱོགས་འཛུགས་སྐྲུན་དང་།  རྒྱུད་གཅིག་ལམ་གཅིག་དང་བྷང་ག་ལ་དང་ཀྲུང་གོ  རྒྱ་གར།  འབར་མ་བཅས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བཅས་ལ་དམ་འཛིན་བྱས་ནས།  འགག་སྒོའི་ཞིབ་བཤེར་ལས་སྒོ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ལས་སྒོ་བསྒྱུར་བཅོས་ཀྱི་ལས་དོན་རབ་དང་རིམ་པ་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་ཏེ།  མཐའ་མཚམས་གྲངས་ཉུང་ཉོ་ཚོང་ཟླ་ཤས་བསྟུད་མར་འཕར་སྣོན་ཡོང་རྒྱུ་འགན་སྲུང་དང་ལོ་འཁོར་མོའི་འཕར་ཚད4%ཟིན་ཐུབ་པ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།