ཝུའུ་དབྱིང་ཅེས་མཚོ་ཆེན་སོགས་སུ་དབུལ་སྒྲོལ་འགག་སྒྲོལ་ལ་མཛུབ་ཁྲིད་གནང་བ།

W020190220592839317658.jpg

མཚོ་ཆེན་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་དབུལ་སྒྲོལ་དུད་ཚང་དགྲ་ལྷའི(གཡས་ཀྱི་གཉིས་པ)ཁྱིམ་དུ་ཝུའུ་དབྱིང་ཅེས་ཚང་མ་དང་ལྷན་དུ་བཞུགས་ནས་ཕྱུག་པོ་ཆགས་ཐབས་དང་འབབ་འཕར་གྱི་སྐོར་གླེང་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་མཁྲེགས་སར་གཏུགས་ཤིང་འགག་སྒྲོལ་གྱི་རྒྱལ་ཁ་ལེན་པའི་མཐའ་མའི་གདོང་མཆོང་གི་དུས་སུ་སླེབས་པས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དེར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཟླ2ཚེས19ཉིན་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་གྱི་ཇུས་ཆེན་ཐུགས་སུ་འཆང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ཐག་རིང་ཤོས་མངའ་རིས་ས་ཁུལ་གྱི་མཚོ་ཆེན་དང་སྒེར་རྩེ་སོགས་རྫོང་དུ་ཕེབས་ཏེ་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ནས་འཚམས་འདྲི་གནང་བ་དང་། རྫོང་ཁག་གིས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ལ་ལྟ་སྐུལ་མཛུབ་ཁྲིད་དང་། གཙོ་གནད་ཐོག་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ལ་གནས་པའི་གནད་དོན་བཙལ་འཚོལ་དང་ཐག་གཅོད། ས་གནས་ས་ཐོག་ཏུ་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་ལ་སྐུལ་འདེད་བཏང་སྟེ། ཤིན་ཏུ་དབུལ་བའི་རྫོང་གིས་དུས་བཀག་ལྟར་དབུལ་ཞྭ་ཕུད་ཆེད་སྒུལ་ཤུགས་ཆེན་པོ་བསྣན་པ་རེད། ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི། ཀྲུང་དབྱང་གིས་སྤྱི་ཡོངས་ལ་དམིགས་ནས་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ཞིག་རེད། ད་ལོ་ལྗོངས་ཡོངས་སུ་རྫོང་19དབུལ་སྒྲོལ་ཞྭ་འཕུད་བྱེད་དགོས་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འགན་འཁྲི་ཕྲག་ཏུ་འཁུར་ནས་དཀའ་སྤྱད་དངོས་སྒྲུབ་དང་། བརྩེ་བ་བཅངས་ནས་འབད་འཐབ་དང་ལེགས་སྐྱེས་འབུལ་བ། གནད་སྨིན་ཤུགས་འདོན་ལ་འབད་བརྩོན་ལྷོད་མེད། དབུལ་པོའི་རྩ་བ་འབྱིན་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གོང་དཔེ་འོག་སྟོན་དང་སྣེ་ཁྲིད་ནས་ཐག་རིང་ལུང་ཁུག་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ་དུས་བཀག་ལྟར་ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

མཚོ་ཆེན་རྫོང་དང་སྒེར་རྩེ་རྫོང་གི་ས་བབ་མཐོ་བ་དང་། ཆ་རྐྱེན་ཞན་པ། མི་འབོར་དབུལ་པོ་མང་བས་ཧ་ཅང་དབུལ་པོ་ཞིག་རེད། ད་ལོ་དབུལ་ཞྭ་ཕུད་རྩིས་ཡོད་སྟབས། མིག་སྔར་རྫོང་དེ་གཉིས་ཀྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་ཞྭ་འཕུད་ཀྱི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་བཞིན་ཡོད་པ་རེད། མཚོ་ཆེན་རྫོང་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཐོག་ཁང་འབབ་འཕར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་པ་དང་། སྒེར་རྩེ་རྫོང་དུང་མཚོ་ཤང་གི་སློབ་ཆེན་སློབ་མའི་ལས་གཏོད་ཇ་ཁང་གི་ཚོང་ཡག་པ། འོ་མ་ཤང་འཆམ་གུག་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་དབུལ་པོ་སྔར་ལས་མང་བའི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་སོགས་ཕྱོགས་མང་པོའི་རོགས་རམ་དང་རྒྱབ་སྐྱོར་འོག་དེ་སྔ་དབུལ་ཕོངས་རྗེས་ལུས་ཀྱི་ཐག་རིང་རི་གྲོང་དག་ལ་དགའ་འོས་པའི་འགྱུར་ལྡོག་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།