ན་ནིང་བོད་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་དུས་དཀྱིལ་འཆར་འགོད་ལེགས་སྒྲིག་བྱས་ཟིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2018ལོར་བོད་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་དུས་དཀྱིལ་འཆར་འགོད་ལེགས་སྒྲིག་བྱས་ཟིན་པ་དང་།  ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྣམ་གྲངས189ནས197བར་མང་དུ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར221མང་དུ་བཏང་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར3807ཟིན་ཡོད། 

དེང་སྐབས་རྣམ་གྲངས197ནང་ནས་རྣམ་གྲངས52བསྐྲུན་ཟིན་པ་དང་རྣམ་གྲངས94སྐྲུན་བཞིན་ཡོད།  སྤྱི་ལོ2018ལོར་བོད་ལྗོངས་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར686དོན་འཁྱོལ་བྱས་པ་དེ་སྤྱི་ལོ2017ལོ་ལས་སྒོར་དུང་ཕྱུར170ཡིས་མང་བ་ཡོད།  ཆབ་མདོ་དང་བོད་དབུས་རྒྱུད་གློག་དྲའི་དྲ་སྦྲེལ་ལས་གཞི་བསྐྲུན་ཟིན་པ་དང་གློག་དྲ་ཨ་མ་རྫོང62ལ་ཁྱབ་ནས་མི་གྲངས་ཁྲི་ཚོ272ལ་གློག་མཁོ་འདོན་ཐུབ་ཡོད།  རྒྱ་ཚ་དང་རྟ་དགུ  གསེར་ཟམ་སོགས་ཀྱི་ཆུ་ཤུགས་གློག་ཁང་གང་མགྱོགས་སྐྲུན་བཞིན་པ་མ་ཟད།  དྲ་སྦྲེལ་ཉི་གློག་ཀྱང་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད་ཅིང་ཡངས་པ་ཅན་ས་འོག་ཚ་ནུས་གློག་ཁང་བསྐྲུན་ཟིན་པ་རེད།  ཁྱོན་སྤྱི་ཚོགས་བྱ་གཞག་ཁག་ལ་མ་འཇོག་སྒོར་དུང་ཕྱུར51བྱས་ནས་སྤྱི་པའི་ཞབས་ཞུའི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་སྟེ།  ཞིང་འབྲོག་ཁུལ་གྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ལ་འོས་འཚམས་ངང་གཅིག་བསྡུས་བྱེད་པ་དང་།  དུད་ཚང30000ལྷག་ཙམ་གྱི་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཟོ་བྱ་རྒྱུ་དང་སྤྱི་པའི་བོགས་གཏོང་ཁང་པ20000སྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་འཁོད་ཡོད་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན24ཡི་ནང་ནས9སྐྲུན་འགོ་ཚུགས་པར་མ་དངུལ་སྒོར་དུང་ཕྱུར446བཏང་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།