བོད་རང་སྐྱོང་ལྗོངས་ཀྱི2018ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང2019ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན།

——2019ལོའི་ཟླ་དང་པོའི་ཚེས10ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག    

བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས།

འཐུས་མི་རྣམ་པ།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་བོད་རང་སྐྱོང་ལྗོངས་ཀྱི2018ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང2019ལོའི་སྔོན་རྩིས་འཆར་ཟིན་འདི་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

གཅིག 2018ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

2018ལོ་ནི་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ40འཁོར་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་འཛུགས་པའི་ལོ་ཞིག་ཡིན། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཁར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་། དེ་བཞིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གི་བཀོད་སྒྲིག་གཞིར་བཟུང་། “མཐའ་འཁྱོངས་ལྔའི”བླང་བྱ་ལག་བསྟར་བྱས་ཐོག “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་བྱེད་རྒྱུ་རྩ་བའི་བྱེད་ཐབས་སུ་བཟུང་ནས་མི་དམངས་ལྟེ་བར་བྱེད་པའི་གོང་འཕེལ་གྱི་བསམ་གཞི་མཐའ་འཁྱོངས་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བྱས་ཤིང་། གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་དོན་ཆེན་གསུམ་ལ་དམིགས་ནས་འབྱོར་སྟོབས་ཀྱི་མཐུན་རྐྱེན་བགོ་སྒྲིག་བྱེད་རྒྱུར་གཅིག་གྱུར་འཆར་འགོད་དང་ལེགས་སྒྱུར་བྱས་པ་དང་། ཚབས་ཆེའི་ཉེན་ཁ་འགོག་སེལ་ཏན་ཏིག་བྱས་པ། ནོར་སྲིད་ཀྱི་བསྒྱུར་བཅོས་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས་པར་བརྟེན་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ལ། སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཡང་ཡག་པོ་བྱུང་ཡོད། 

(གཅིག)རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་དོན་འཁྱོལ་བྱས་ཚུལ།

འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་ལྟ་སྐུལ་དང་སྲིད་གྲོས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འོག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་སྡེ་ཚན་གྱིས་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་མཐའ་འཁྱོངས་དང་། འབྲེལ་མཐུད་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་འབྲེལ་ཡོད་གྲོས་ཆོད་ཁག་དོན་འཁྱོལ་ནན་ཏན་བྱས་ཡོད།

1.མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱེད་རྒྱུར་སྔར་བས་སྐུལ་འདེད་བཏང་བ། ཁྲལ་རིན་གཉིས་ཆག་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུ་བའི་རྣམ་གྲངས་རྩ་བ་ནས་མེད་པར་བཟོ་ཐུབ་ཡོད། སྲིད་གཞུང་གི་མ་འཇོག་ཐེབས་རྩའི་དོ་དམ་ཚད་ལྡན་བཟོས་ཏེ་སྲིད་གཞུང་གི་མ་འཇོག་ཐེབས་རྩའི་གཞི་ཁྱོན་ཆེ་རུ་འོས་འཚམ་བཏང་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་ཁྱད་ལྡན་ཡུལ་སྐོར་རིག་གནས་སོགས་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད།

2.ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྔར་བས་ཚད་ལྡན་བཟོས་པ། ཡོང་འབབ་སྔོན་རྩིས་བྱེད་རྒྱུ་དེ་གཅུན་སྡོམ་རང་བཞིན་ནས་སྔོན་དཔག་རང་བཞིན་དུ་སྒྱུར་རྒྱུའི་བླང་བྱ་དོན་འཁྱོལ་དམ་ནན་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་བརྟན་ཞིང་དགེ་མཚན་ལྡན་པའི་རྩ་དོན་གཞིར་བཟུང་ནོར་སྲིད་ཀྱི་ཡོང་འབབ་སྔོན་རྩིས་བཀོད་སྒྲིག་བྱས་ཏེ། ཁྲིམས་ལུགས་ཁྲིམས་སྲོལ་བཞིན་ནོར་སྲིད་ཡོང་འབབ་འཚོལ་ཐབས་བྱས་པས་ནོར་སྲིད་ཀྱི་ཡོང་འབབ་ཡོང་ཁུངས་བརྟན་གནས་ཐུབ་ཡོད། སྔོན་རྩིས་ཁག་བཞི་གཞིར་བཟུང་ནན་པོ་བྱས་ཏེ་ཡོང་འབབ་རིགས་དབྱེ་དང་ཞིབ་རྩིས་བྱས་ཡོད། ཀྲུང་དབྱང་ནས་རང་ལྗོངས་ལ་གནང་བའི་དམིགས་བསལ་གྱི་ནོར་ཁྲལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་ཁྲལ་བསྡུའི་སྲིད་ཇུས་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད།

3.ནོར་སྲིད་གཏོང་སྒོ་སྔར་བས་ལེགས་སུ་བཏང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ནོར་སྲིད་སྔོན་རྩིས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སུ་བཏང་བ་དང་། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་ཁ་གསལ་བྱས་པའི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་རྣམ་གྲངས་ལ་དམིགས་ཏེ་གཙོ་གནད་དམ་འཛིན་བྱེད་རྒྱུ་དང་། ཆད་སྐྱོན་སེལ་རྒྱུ། ཞན་ཆ་སྟོབས་ཆེར་གཏོང་རྒྱུ་བཅས་མངོན་ཆེར་བཟུང་ཐོག གཏོང་སྒོའི་གཙོ་གནད་དེ་ཤིན་ཏུ་དབུལ་བའི་ས་ཁུལ་དང་མཐའ་མཚམས་ས་ཁུལ་ལ་སྒྱུར་སྤྲོད་བྱེད་རྒྱུར་འཕར་གཟིགས་བྱས་ཏེ་ནོར་སྲིད་ཀྱི་སྤྱི་པའི་རང་བཞིན་དང་ཀུན་ཕན་རང་བཞིན་མངོན་ཆེར་བཟུང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་ཏེ་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་འཕར་སྣོན་འགྲོ་རྒྱུར་ཚོད་འཛིན་ནན་པོ་བྱས་ནས་རང་སྐྱོང་ལྗོངས་རིམ་པ་འདི་གའི་ནོར་སྲིད་ནས“གཞུང་གྲོན་གསུམ”ལ་འགྲོ་གྲོན་སྒོར་དུང་ཕྱུར་1.85བཏང་བས་7.6%ཆག་ཡོད།

4.སྔོན་རྩིས་དོན་འཁྱོལ་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པ། སྔོན་རྩིས་དོན་འཁྱོལ་ལ་གཅུན་སྡོམ་བྱེད་རྒྱུ་ནན་དུ་བཏང་བ་དང་། སྔོན་རྩིས་དོན་འཁྱོལ་དང་དོ་དམ་གྱི་ལམ་ལུགས་མ་ལག་ཚགས་ཚུད་དུ་བཏང་བ། ཁྲིམས་བཞིན་སྔོན་རྩིས་འཕར་གསབ་དང་ལེགས་སྒྲིག་བྱས་པ་བཅས་ལ་བརྟེན་སྔོན་རྩིས་དོན་འཁྱོལ་གྱི་ཕན་ནུས་ཆེ་རུ་སོང་ཡོད། འཕྲོས་སྒྱུར་འཕྲོས་ལྷག་མ་དངུལ་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྡེ་ཚན་གྱི་སྔོན་རྩིས་འཕྲོས་ལྷག་མ་དངུལ་སྒོར་དུང་ཕྱུར་22.2ཡར་བསྡུས་ནས་གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་དགོས་མཁོ་ཆེ་བའི་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱས་ཡོད། ཕྱོགས་མཐའ་ཀུན་དང་། བརྒྱུད་རིམ་ཧྲིལ་པོ། ཀུན་ལ་ཁེབས་པ་བཅས་ཀྱི་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་མ་ལག་ཧུར་ཐག་བཏོད་ཡོད། རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཞིན་ལྟ་སྐུལ་བྱས་པར་དང་ལེན་ཧུར་ཐག་ཞུས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལ་གཞོགས་འདེགས་ཀྱིས་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཀྱི་ཕྱོགས་སུ་སྤེལ་རྒྱུར་སྐུལ་སྤེལ་བཏང་ཡོད། མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་རྩིས་བཤེར་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱེད་རྒྱུ་དོན་འཁྱོལ་ནན་ཏན་བྱས་ཡོད།

5.སྔོན་རྩིས་དོ་དམ་བྱེད་ཕྱོགས་སྔར་བས་ཚད་ལྡན་བཟོས་པ། སྡེ་ཚན་གྱི་སྔོན་རྩིས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བྱས་ཏེ། གཞི་རྩའི་གཏོང་སྒོའི་མི་གྲངས་དང་བཅད་གྲངས་གཏན་འཁེལ་གྱི་ཚད་གཞིའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྣམ་གྲངས་གཏོང་སྒོའི་བཅད་གྲངས་ཚད་གཞིའི་མ་ལག་འཛུགས་རྒྱུར་ཞིབ་འཇུག་དང་སྐུལ་འདེད་གཏོང་བ། རྣམ་གྲངས་ཐོ་མཛོད་འཛུགས་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། རྣམ་གྲངས་གཏོང་སྒོར་འགྲིལ་འདེད་དོ་དམ་བྱེད་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ཡོད། མ་དངུལ་སྒྱུར་སྤྲོད་ལམ་ལུགས་དང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། དོ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་དང་། གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་མ་དངུལ་སྒྱུར་སྤྲོད། མཐའ་མཚམས་ས་ཁུལ་གྱི་མ་དངུལ་སྒྱུར་སྤྲོད། དེ་བཞིན་རྫོང་རིམ་གྱི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའ་ཁ་གསབ་སྤྲོད་པའི་མ་དངུལ་སོགས་ཀྱི་དོ་དམ་བྱ་ཐབས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཡོད། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཐུན་མོང་གི་ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་བགོས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ཡོངས་འདུས་སྔོན་རྩིས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྔོན་རྩིས་ཁག་བཞི་གཅིག་གྱུར་འཆར་འགོད་དང་སྦྲེལ་མཐུད་སྔར་བས་ཡག་པོ་བྱས་ཡོད། སྡེ་ཚན་གྱི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་བས་རང་རྟོགས་ངང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་ཐུབ་པ་བྱུང་ཡོད། 

(གཉིས)2018ལོའི་སྔོན་རྩིས་ལེགས་སྒྲིག་བྱས་ཚུལ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་དང་། ཐེངས་དྲུག་པའི་ཐོག་ཆོག་མཆན་ཐོབ་དོན་བཞིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་ཡོང་གི་གཞི་ཁྱོན་དེ་སྒོར་དུང་ཕྱུར་1881.13ལ་ལེགས་སྒྲིག་བྱས་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་གི་གཞི་ཁྱོན་དེ་སྒོར་དུང་ཕྱུར་40.46ལ་ལེགས་སྒྲིག་བྱས་ཡོད།

(གསུམ)2018ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1)ལྗོངས་ཡོངས་ཀྱི་གཏོང་ཡོང་དོན་འཁྱོལ་བྱས་ཚུལ།

ལྗོངས་ཡོངས་ལ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་230.35བྱུང་བ་དེ་སྔོན་རྩིས་ཀྱི་138.1%ཡིན་ཞིང་། ལོ་གོང་མའི་ངེས་རྩིས་ཡོང་འབབ་དང་བསྡུར་ན་24%འཕར་ཡོད་པ་དང་། ཐེངས་གཅིག་རང་ལ་མཛོད་འཇུག་བྱེད་པའི་རྒྱུ་རྐྱེན་ཕུད་དངོས་སུ་12.9%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1732.58དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་42.25 སྔོན་རྩིས་བརྟན་སྙོམས་ཐེབས་རྩའི་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་183.8 སྒྱུར་འཇུག་བྱས་པའི་མ་དངུལ་གཞན་དག་སྒོར་དུང་ཕྱུར་11.4 ལོ་གོང་མའི་འཕྲོས་སྒྱུར་མ་དངུལ་སྒོར་དུང་ཕྱུར་94.08བཅས་བསྡོམས་རྗེས་ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་2294.46ཡིན། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་2170.52ཡིན། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1972.71ཡིན་པ་དེ་ལོ་གོང་མ་དང་བསྡུར་ན་17.3%འཕར་ཡོད། སྔོན་རྩིས་བརྟན་སྙོམས་ཐེབས་རྩར་ཁ་གསབ་བྱས་པ་སྒོར་དུང་ཕྱུར་170.5དང་། སྔོན་རྩིས་ཀྱི་འཁོར་རྒྱུག་མ་དངུལ་ཁ་སྣོན་བྱས་པ་སྒོར་དུང་ཕྱུར་20 གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་0.31 བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་7བཅས་ཡིན་པས་གཏོང་ཡོང་མགོ་ཐུག་བཏང་རྗེས་ལོ་མཇུག་ཏུ་འཕྲོས་སྒྱུར་མ་དངུལ་སྒོར་དུང་ཕྱུར་123.94ཡོད་པ་དེ་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ་ཡིན།

(2)རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་ཡོང་དོན་འཁྱོལ་བྱས་ཚུལ། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་39.29བྱུང་བ་དེ་སྔོན་རྩིས་ཀྱི་269.7%ཟིན་ཞིང་ལོ་གོང་མའི་ངེས་རྩིས་ཡོང་འབབ་དང་བསྡུར་ན་59.6%འཕར་ཡོད། རིམ་པ་འདི་གས་ཐེངས་གཅིག་རང་ལ་མཛོད་འཇུག་བྱས་པའི་རྒྱུ་རྐྱེན་ཕུད་9.9%ཆག་ཡོད། དེའི་ཐོག་ཀྲུང་དབྱང་ནས་ཁ་གསབ་རོགས་དངུལ་གནང་བ་སྒོར་དུང་ཕྱུར་1732.58དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་42.25 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་135 དེ་མིན་གྱི་མ་དངུལ་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་9.08 ལོ་གོང་མའི་འཕྲོས་སྒྱུར་མ་དངུལ་སྒོར་དུང་ཕྱུར་75.4བཅས་བསྡོམས་རྗེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་2033.6ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་1945.81ཡིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་585.21ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གཏོང་སྒོ་དང་བསྡུར་ན་སྒོར་དུང་ཕྱུར་213.92མང་དུ་སོང་ཞིང་19.3%འཕར་ཡོད། སྔོན་རྩིས་ཀྱི་འཁོར་རྒྱུག་མ་དངུལ་ཁ་སྣོན་བྱས་པ་སྒོར་དུང་ཕྱུར་20དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩར་ཁ་གསབ་བྱས་པ་སྒོར་དུང་ཕྱུར་103.43 ཆེད་སྤྱོད་གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་0.31 ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་1219.88 སྤྱིར་བཏང་གི་བུན་འཛིན་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་5.1 སྤྱིར་བཏང་གི་བུན་འཛིན་དངུལ་བུན་ལ་སྒྱུར་བའི་གཏོང་སྒོ་སྒོར་དུང་ཕྱུར་11.89བཅས་ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ལོ་མཇུག་གི་འཕྲོས་སྒྱུར་མ་དངུལ་སྒོར་དུང་ཕྱུར་87.78ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ་ཡིན།

རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་ཡོང་དོན་འཁྱོལ་བྱས་ཚུལ་ཞིབ་ཕྲ་གཤམ་གསལ།

ཡོང་འབབ་ཀྱི་རྣམ་གྲངས་དོན་འཁྱོལ་བྱས་ཚུལ། ཁྲལ་འབབ་སྒོར་དུང་ཕྱུར་3.22བྱུང་བ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་སྒོར་དུང་ཕྱུར་1.34མང་དུ་སོང་ཞིང་71.3%འཕར་ཡོད། དེའི་ནང་ཁེ་ལས་ཀྱི་འབབ་ཁྲལ་སྒོར་དུང་ཕྱུར་0.62དང་། ཐོན་ཁུངས་དཔྱ་ཁྲལ་སྒོར་དུང་ཕྱུར་0.53 ས་ཆའི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་1.91 རྨོ་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་སྒོར་དུང་ཕྱུར་0.16བཅས་ཡོད། ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར་36.07བྱུང་བ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་སྒོར་དུང་ཕྱུར་13.33མང་དུ་སོང་ཞིང་58.6%འཕར་ཡོད། གཙོ་བོ་ཆེད་སྤྱོད་ཡོང་འབབ་སྒོར་དུང་ཕྱུར་6.05དང་། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུས་པའི་ཡོང་འབབ་སྒོར་དུང་ཕྱུར་2.46 གཞུང་ཁོངས་ཐོན་ཁུངས(རྒྱུ་ནོར)རིན་ཡོད་བེད་སྤྱོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་26.54བཅས་བྱུང་ཡོད།

གཏོང་སྒོའི་རྣམ་གྲངས་དོན་འཁྱོལ་བྱས་ཚུལ། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་68.16དང་། སློབ་གསོའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་29.25 ཚན་རིག་ལག་རྩལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་3.5 རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ཐད་གཏོང་སྒོ་སྒོར་དུང་ཕྱུར་17.55 སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་གཏོང་སྒོ་སྒོར་དུང་ཕྱུར་26.16 སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་27.33 ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐད་གཏོང་སྒོ་སྒོར་དུང་ཕྱུར་8.12 གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་4.46 ཞིང་ནགས་ཆུ་བེད་ཐད་གཏོང་སྒོ་སྒོར་དུང་ཕྱུར་26.98 འགྲིམ་འགྲུལ་སྐྱེལ་འདྲེན་ཐད་གཏོང་སྒོ་སྒོར་དུང་ཕྱུར་254.24 ཐོན་ཁུངས་རྩད་འཚོལ་ཆ་འཕྲིན་སོགས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་6.23 ཚོང་ལས་ཞབས་ཞུའི་ལས་རིགས་སོགས་ཐད་གཏོང་སྒོ་སྒོར་དུང་ཕྱུར་1.27 དངུལ་རྩའི་གཏོང་སྒོ་སྒོར་དུང་ཕྱུར་1.33 རྒྱལ་ཁབ་ས་ཆ་དང་རྒྱ་མཚོ། གནམ་གཤིས་སོགས་ཐད་གཏོང་སྒོ་སྒོར་དུང་ཕྱུར་4.16 སྡོད་ཁང་འགན་སྲུང་ཐད་གཏོང་སྒོ་སྒོར་དུང་ཕྱུར་5.6 བུ་ལོན་གྱི་སྐྱེད་འཇལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་0.99བཅས་བཏང་ཡོད།

ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་དོན་འཁྱོལ་བྱས་ཚུལ། རང་སྐྱོང་ལྗོངས་ནས་ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་1219.88བྱས་ཞིང་། དེའི་ནང་ཁྲལ་འབབ་ཕྱིར་སློག་བྱས་པ་སྒོར་དུང་ཕྱུར་71.37དང་། མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་1148.51ཡིན།

(3)ས་གནས(གྲོང་ཁྱེར)ཀྱི་གཏོང་ཡོང་དོན་འཁྱོལ་བྱས་ཚུལ། ས་གནས(གྲོང་ཁྱེར)ཁག་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་191.06བྱུང་བ་དེ་སྔོན་རྩིས་ཀྱི་125.5%ཟིན་ཞིང་། ལོ་གོང་མའི་ངེས་རྩིས་ཡོང་འབབ་དང་བསྡུར་ན་18.5%འཕར་ཡོད། དེའི་ཐོག་རང་སྐྱོང་ལྗོངས་ནས་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་1219.88དང་། སྤྱིར་བཏང་གི་བུ་ལོན་དངུལ་བུན་ལ་སྒྱུར་བའི་ཡོང་འབབ་སྒོར་དུང་ཕྱུར་11.89 བརྟན་སྙོམས་ཐེབས་རྩར་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་48.8 སྒྱུར་འཇུག་བྱས་པ་མ་དངུལ་གཞན་དག་སྒོར་དུང་ཕྱུར་2.32 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་18.68བཅས་བསྡོམས་རྗེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1492.63ཡིན། ས་གནས(གྲོང་ཁྱེར)ཁག་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་1456.47ཡིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1387.5དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩར་ཁ་གསབ་བྱས་པ་སྒོར་དུང་ཕྱུར་67.07 བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་1.9བཅས་ཡིན་པས་གཏོང་ཡོང་མགོ་ཐུག་བཏང་རྗེས་ས་གནས(གྲོང་ཁྱེར)ཁག་གི་ལོ་མཇུག་ཏུ་འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་36.16ཡོད་པ་དེ་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་89.14ཡིན་པའི་ཐོག་ཀྲུང་དབྱང་གི་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་9.71དང་། ཆེད་སྤྱོད་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་12.73 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་19.79བཅས་བསྡོམས་རྗེས་ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་131.37ཟིན་ཡོད། ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་120.42ཡིན་པ་དང་། དེའི་ནང་ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་109.77དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་10.65ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་སྒོར་དུང་ཕྱུར་10.95འཕྲོས་སྒྱུར་བྱས་ཡོད།

རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་6.89ཡིན། དེའི་ཐོག་ཀྲུང་དབྱང་གིས་མ་དངུལ་སྒྱུར་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་9.71དང་། ཆེད་དམིགས་བུན་འཛིན་གྱི་ཡོང་འབབ་སྒོར་དུང་ཕྱུར་12.73 ལོ་གོང་མའི་འཕྲོས་སྒྱུར་ཡོང་འབབ་སྒོར་དུང་ཕྱུར་13.91བཅས་བསྡོམས་རྗེས་རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་43.24ཟིན་ཡོད། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་40.47ཡིན་ཞིང་། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་3.61ཡིན། ས་གནས(གྲོང་ཁྱེར)ལ་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་15.49དང་། ཆེད་དམིགས་བུན་འཛིན་དངུལ་བུན་ལ་སྒྱུར་བའི་གཏོང་སྒོ་སྒོར་དུང་ཕྱུར་12.73 སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་8.64བཅས་ཡིན་པས། གཏོང་ཡོང་མགོ་ཐུག་བཏང་རྗེས་ལོ་མཇུག་ཏུ་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་2.77ཡོད། དེ་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ་ཡིན།

ས་གནས(གྲོང་ཁྱེར)ཁག་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་82.25ཡིན། དེའི་ཐོག་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་15.49དང་། ཆེད་སྤྱོད་བུ་ལོན་དངུལ་བུན་ལ་སྒྱུར་བའི་ཡོང་འབབ་སྒོར་དུང་ཕྱུར་12.73 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་5.88བཅས་བསྡོམས་རྗེས་ས་གནས(གྲོང་ཁྱེར)ཁག་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་116.35ཡིན། ས་གནས(གྲོང་ཁྱེར)ཁག་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་108.17ཟིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་106.16དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་2.01ཡིན་པས། གཏོང་ཡོང་མགོ་ཐུག་བཏང་རྗེས་ལོ་མཇུག་ཏུ་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་8.18ཡོད། དེ་ཕྱི་ལོར་མུ་མཐུད་བེད་སྤྱོད་བྱེད་རྒྱུ་ཡིན།

3.གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས།

ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་4.07ཡིན་པའི་ཐོག་ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་4.1བསྡོམས་རྗེས་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་8.17ཡིན། ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་3.48(སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.82ཚུད)ཡིན་པས། གཏོང་ཡོང་མགོ་ཐུག་བཏང་རྗེས་ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་4.69ཡོད།

རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2.54ཡིན་པའི་ཐོག་ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་3.98བསྡོམས་རྗེས་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་6.52ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2.12(སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཁོངས་སུ་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.45ཚུད)ཡིན་པ་དང་། ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་4.4ཡོད།

ས་གནས(གྲོང་ཁྱེར)ཁག་གི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་1.53ཡིན་པའི་ཐོག་ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་0.12བསྡོམས་རྗེས་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་1.65ཡིན། ས་གནས(གྲོང་ཁྱེར)ཁག་གི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་གཏོང་སྒོ་སྒོར་དུང་ཕྱུར་1.36(སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཁོངས་སུ་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.37ཚུད)ཡིན་པ་དང་། ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་0.29ཡོད།

4.སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་247.6ཡིན་པ་དང་། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་216.2དང་། ནོར་སྲིད་ཀྱི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར་28 སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་3.4བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་221.4ཡིན་པས། གཏོང་ཡོང་མགོ་ཐུག་བཏང་རྗེས་ལོ་འདིའི་འཕྲོས་ལྷག་སྒོར་དུང་ཕྱུར་26.2དང་། ལོ་མཇུག་ཏུ་རིམ་གསོག་འཕྲོས་ལྷག་བྱུང་བ་སྒོར་དུང་ཕྱུར་266.3ཡོད།

གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དེ་ནོར་སྲིད་པུའུ་ལ་མཆན་བཀོད་བཀའ་ལན་ཞུས་ནས་ངེས་རྩིས་བྱས་རྗེས་འགྱུར་ལྡོག་ཕྲན་བུ་འགྲོ་སྲིད།

5.ས་གནས་སྲིད་གཞུང་གི་བུ་ལོན་སྔོན་རྩིས་དོ་དམ་བྱས་ཚུལ། སྲིད་གཞུང་གི་བུ་ལོན་བཅད་གྲངས་ལ་དོ་དམ་ནན་པོ་བྱས་ཏེ་སྲིད་གཞུང་གི་བུ་ལོན་ཚང་མ་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་བཅུག་ཡོད། 2018ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་ལྗོངས་ཀྱི་སྲིད་གཞུང་ལ་ཞིབ་དཔྱད་གཏན་འཁེལ་བྱས་པ་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར་198.3དང་རང་ལྗོངས་ཀྱིས་ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར་54.98འགྲེམས་གཏོང་བྱས་ཡོད། ལྗོངས་ཡོངས་ཀྱི་སྲིད་གཞུང་གི་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར་134.79ཡིན་ཞིང་། དེ་བཅད་གྲངས་ནང་ཚོད་འཛིན་ཐུབ་ཡོད།

(བཞི)2018ལོའི་གཏོང་སྒོ་གཙོ་བོའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ།

རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་འཆར་འགོད་གཞིར་བཟུང་། ལྟེ་བའི་ལས་དོན་ལ་དམིགས་ནས་ཕྱོགས་ཁག་གི་འབྱོར་སྟོབས་གཅིག་གྱུར་འཆར་འགོད་བྱས་ཏེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་གཏོང་བ་དང་སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཐོག 2018ལོའི་གཏོང་སྒོ་གཙོ་བོའི་སྲིད་ཇུས་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པ་བྱས་ཡོད།

1.འགག་སྒྲོལ་གྱི་ལས་དོན་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་སྒྲུབ་ཆེད་མུ་མཐུད་ཤུགས་བརྒྱབ་པ། གཅིག་ནི་ཚབས་ཆེའི་ཉེན་ཁར་འགོག་ཟོན་དང་སེལ་ཐབས་ཧུར་ཐག་བྱས་པ། 《གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོ》(བོད་སྲིད་སྤེལ[2018]ཡིག་ཨང་22པ)སོགས་ཀྱི་ཡིག་ཆ་པར་འགྲེམས་བྱས་ཤིང་། ས་གནས་སྲིད་གཞུང་གི་བུ་ལོན་གཡར་བ་དང་མ་དངུལ་བསྡུ་རྒྱུག་གི་བྱ་སྤྱོད་ཚད་ལྡན་བཟོས་ཏེ། མངོན་མེད་བུ་ལོན་མང་དུ་འགྲོ་རིགས་མཐའ་གཅིག་ཏུ་བཀག་ཡོད། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་གྲངས་གཞིར་ལྟ་དཔྱད་ཚད་ལེན་དང་བསྡོམས་རྩིས་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མངོན་མེད་བུ་ལོན་གྱི་གཞི་གྲངས་ཤེས་རྟོགས་གསལ་པོ་བྱས་ནས། ལྗོངས་ཡོངས་ཀྱི་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་ཉེན་ཁར་འགོག་ཟོན་དང་སེལ་ཐབས་བྱེད་པའི་ལག་བསྟར་ཇུས་གཞི་བཟོས་པ་མ་ཟད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་འབུལ་ཞུས་ཡོད། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་ཐག་གཅོད་བརྟན་པོ་དང་ཡག་པོ་བྱས་པ་དང་། མངོན་མེད་བུ་ལོན་གསོག་འབོར་གྱི་ཉེན་ཁ་གོ་རིམ་ལྡན་པའི་ངང་སེལ་བས་མངོན་མེད་བུ་ལོན་ལྷག་གྲངས་ལོ་རེ་བཞིན་ཉུང་དུ་སོང་ཡོད། ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་ལ་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོས་པ་དང་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་གཏོང་བྱེད་རྒྱུའི་ལས་དོན་ཡག་པོ་སྤེལ་ནས་འགྲིམ་འགྲུལ་དང་། ཡུལ་སྤོས་དབུལ་སྐྱོར། གད་སྙིགས་དང་བཙོག་ཆུ་གཙང་གསིང་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། གཉིས་ནི་ནུས་ཤུགས་ཡོད་རྒུས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཕན་སྐུལ་བཏང་བ། རིམ་ཁག་ནོར་སྲིད་ཀྱི་རིགས་འདྲ་མིན་གྱི་ནོར་སྲིད་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་167.3གཅིག་གྱུར་སྒྲིལ་སྤྱོད་བྱས་ནས་དབུལ་གྲོལ་འགག་སྒྲོལ་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་དང་། རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན། སྐྱེ་ཁམས་སྐྱོང་གསབ་ཀྱིས་དབུལ་གྲོལ། ཡུལ་སྤོས་དབུལ་སྐྱོར་སོགས་བྱེད་རྒྱུའི་ཐད་རྒྱབ་སྐྱོར་བྱས་ཡོད། དེའི་ནང་དབུལ་གྲོལ་འགག་སྒྲོལ་གྱི་ཐོན་ལས་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་དུང་ཕྱུར་53དོན་འཁྱོལ་བྱས་པ་དང་། སྐྱེ་ཁམས་སྐྱོང་གསབ་ཀྱི་དབུལ་སྐྱོར་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་23.33དོན་འཁྱོལ་བྱས་ཤིང་། སྐྱེ་ཁམས་དབུལ་གྲོལ་ལས་གནས་ཁྲི་66.66བར་མང་དུ་བཏང་བ། ལས་གནས་ཀྱི་ཁ་གསབ་རོགས་དངུལ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་3500ལ་སྤར་བ་བཅས་བྱས་ཡོད། ལོ་ཧྲིལ་པོར་རྫོང་ཆུད་25དབུལ་གྲོལ་ཞྭ་ཕུད་ཀྱི་ཚད་གཞི་ལོན་པ་དང་། གྲོང་ཚོ་དང་གྲོང་ལྷན་2100དབུལ་པོ་ནས་ཐོན་པའི་ཚད་གཞིར་སླེབས་པ། མི་ཁྲི་18དབུལ་གྲོལ་གྱི་ཚད་གཞིར་སླེབས་པ་བཅས་བྱུང་ཡོད། གསུམ་ནི་སྦགས་བཙོག་འགོག་བཅོས་བྱེད་རྒྱུར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཐོག འབྱུང་འཕྲོད་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། དམིགས་བཀར་དུ་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་སྦགས་བཙོག་འགོག་བཅོས་བྱེད་རྒྱུའི་ལས་ཀར་དམིགས་སུ་བཀར་ནས་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་7དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་གསིང་གི་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས་ཡོད། ཆུ་བོ་རྒྱུག་ཁུལ་སྟོད་སྨད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱོང་གསབ་ལམ་སྲོལ་བཙུགས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་འགན་འཁྲིའི་བྱ་དགའ་ཆད་གཅོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཡོད། ཀྲུང་དབྱང་ནས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་བྱེད་པའི་ཁྲོད་ཐོན་པའི་འབྲེལ་ཡོད་གནད་དོན་བཅོས་སྒྲིག་བྱེད་རྒྱུ་དོན་འཁྱོལ་ནན་ཏན་བྱས་ཡོད།

2.མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། ལོ་གཉིས་རིང་མ་དངུལ་སྒོར་དུང་ཕྱུར་94.6གཅིག་གྱུར་འཆར་འགོད་ཀྱིས་དོན་འཁྱོལ་བྱས་ཏེ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ་དང་། མཐའ་མིའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་6.32དོན་འཁྱོལ་བྱས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པའི་མཐའ་མིའི་ཁ་གསབ་ཚད་གཞི་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་3700དང་སྒོར་3500ལ་སྤར་ནས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱིས་མཐའ་མཚམས་སུ་ཐོན་སྐྱེད་འཚོ་བསྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། བདེ་སྐྱིད་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་གྱི་དཔེ་སྟོན་ཤང་ཡུལ་སྨད་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་རླུང་འཕྲིན་བརྙན་འཕྲིན་དུད་ཚང་ཚང་མར་ཤར་གཏོང་ཐུབ་རྒྱུའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1.1དོན་འཁྱོལ་བྱས་ཡོད། མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོ་དང་གལ་ཆེའི་འགྲིམ་འགྲུལ་ལམ་རྒྱུད་ཀྱི་འཕྲིན་གཏོང་བརྡ་འཕྲིན་ཡོངས་སུ་ཁེབས་རྒྱུར་རྒྱབ་སྐྱོར་དང་སྐུལ་སྤེལ་བཏང་ཡོད།

3.གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་བ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་68.36དང་། ཆུ་བེད་གཙོ་གནད་རྫོང་དང་ནུས་ཕྱེ་ཆུ་བསྲིའི་རྣམ་གྲངས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་8.66དོན་འཁྱོལ་བྱས་ཡོད། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ས་ཞིང་བཅོས་སྐྱོང་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་6.36དང་། ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་བཅོས་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར་3.94 སྤྱི་ཕན་རང་བཞིན་གྱི་ཆུ་བེད་ལས་གྲྭ་དང་གྲོང་གསེབ་ཀྱི་གློག་ཁང་ཆུང་གྲས་ཉམས་གསོ་བདག་སྐྱོང་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་1.7 གཙོ་གནད་ཁུལ་ཁོངས་ཀྱི་ས་ཆུ་ཤོར་རིགས་བཅོས་སྐྱོང་བྱེད་པར་མ་དངུལ་སྒོར་དུང་ཕྱུར་1.27བཅས་དོན་འཁྱོལ་བྱས་ཡོད། ཞིང་འབྲོག་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་རྒྱུའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་3.83དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར་3.76 ཞིང་འབྲོག་ལས་ཀྱི་གནོད་འགོག་གེགས་སེལ་ཐད་མ་དངུལ་སྒོར་དུང་ཕྱུར་2.18 དེང་རབས་ཀྱི་ཞིང་ལས་དང་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ཐད་མ་དངུལ་སྒོར་དུང་ཕྱུར་1.26 རྩྭ་ཐང་འགན་གཙང་གཉེར་སྐྱོང་བྱེད་དབང་གཏན་འཁེལ་བྱེད་པའི་ལས་ཀའི་འགྲོ་གྲོན་སྒོར་དུང་ཕྱུར་1.26 ཞོད་ཟོན་ཐན་འགོག་ཐད་མ་དངུལ་སྒོར་དུང་ཕྱུར་1.05 མཉམ་སྡེབ་དཔལ་འབྱོར་ལ་རོགས་སྐྱོར་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་1བཅས་དོན་འཁྱོལ་བྱས་ཡོད། ཁྱད་ལྡན་གྲོང་ཁྱེར་གྲོང་རྡལ་ཆུང་གྲས་ཀྱི་བྱེད་ནུས་ཚང་སྒྲིག་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་5དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཚོད་ལྟ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་4980གཅིག་གྱུར་འཆར་འགོད་བྱས་ཡོད།

4.དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། དེའང་གཅིག་ནི་སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་170ལ་སྤར་ཡོད། ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་ཐོབ་ཐང་ཚད་གཞི་མུ་མཐུད་མཐོ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྲིལ་སྤྱོད་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད། གཉིས་ནི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་མི་རེར་ཟླ་རེར་ཆ་སྙོམས་སྒོར་750དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་མི་རེར་ལོ་རེར་ཆ་སྙོམས་སྒོར་4450ལ་སྤར་བ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་100ལ་སྤར་བ། ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་སྐྱོང་གི་ཁ་གསབ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་200ལ་སྤར་ཡོད། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འབྲི་ཆུ་དང་ཉིང་ཁྲི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་རི་ཉིལ་སོགས་རང་བྱུང་གནོད་འཚེ་ལ་འཕྲལ་དུ་ཁ་གཏད་བཅགས་ཡོད། གསུམ་ནི་སྤྱི་ཚོགས་ཀྱི་ལས་སྒྱུར་བཀོད་སྒྲིག་མ་དངུལ་འགན་སྲུང་ཡག་པོ་བྱས་པ། ལས་འཁྱུར་ལས་བྱེད་པ་དང་། དམག་སྡེ་བཅོ་བརྒྱད་པའི(ལམ་བཞི)བོད་བསྐྱོད་ལས་འཁྱུར་བློ་མཐུན་རྒན་གྲས་ཀྱི་དམིགས་བསལ་གྱི་སྲིད་ཇུས་ཐོབ་ཐང་དོན་འཁྱོལ་ཧུར་ཐག་བྱས་ཡོད། བཞི་ནི་ལས་གཏོད་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། “གཉིས་གཏོད”ཐེབས་རྩ་དང་ལས་ཞུགས་དང་ལས་གཏོད་ཁ་གསབ་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ཏེ། སློབ་ཆེན་ཐོན་པའི་སློབ་མ་ཁྲོམ་ར་བརྒྱུད་དེ་ལས་ཞུགས་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་སོགས་བྱེད་རྒྱུའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་དང་སྲིད་གཞུང་གིས་ཉོ་རྒྱུའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་6དོན་འཁྱོལ་བྱས་པ་དང་། རང་སྐྱོང་ལྗོངས་ལག་རྩལ་སློབ་གླིང་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ལྔ་ནི་འགན་སྲུང་རང་བཞིན་གྱི་བདེ་འཁོད་ལས་གྲྭར་སྐུལ་འདེད་ཤུགས་ཆེ་བཏང་བ། རིགས་འདྲ་མིན་གྱི་འགན་སྲུང་རང་བཞིན་གྱི་བདེ་འཁོད་ལས་གྲྭའི་ཁང་པ་ཁྲི་5.6བསྒྱུར་བཀོད་དང་གསར་རྒྱག་བྱས་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སྡོད་ཁང་གི་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱས་ཡོད།

5.སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། གཅིག་ནི་སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། མ་དངུལ་སྒོར་དུང་ཕྱུར་20.96དོན་འཁྱོལ་བྱས་ནས་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་3720ལ་སྤར་ཡོད། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་སུ་གཏོང་རྒྱུའི་འཆར་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་3.25དང་། ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར་5.24 སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར་3བཅས་དོན་འཁྱོལ་བྱས་ཡོད། ས་ཁད་མཐོ་བའི་སློབ་གྲྭའི་དྲོད་གཏོང་ལས་གཞི་ལག་བསྟར་དང་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭ་བསྒྱུར་བཀོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། གཉིས་ནི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་བཏང་བ། ཐུམ་བུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་སོགས་གལ་ཆེའི་སྤྱི་པའི་འཕྲོད་བསྟེན་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་9.45དང་། གཞུང་གི་སྨན་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་ཐད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་3.02

བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་གཏོང་བའི་ཐད་མ་དངུལ་སྒོར་དུང་ཕྱུར་0.78བཅས་དོན་འཁྱོལ་བྱས་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཐད་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་75ལ་སྤར་ཡོད། དམངས་ཡོངས་ཀྱི་ལུས་པོར་བརྟག་དཔྱད་བྱེད་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཡོད། ས་ཁད་མཐོ་བའི་ས་ཁུལ་གྱི་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་པའི་དམིགས་བསལ་ལས་གནས་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་1.47དོན་འཁྱོལ་བྱས་ནས་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། རང་སྐྱོང་ལྗོངས་ལྟེ་གནས་སྨན་ཁང་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་1དོན་འཁྱོལ་བྱས་ཡོད། གསུམ་ནི་རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། རིག་གནས་ཐོན་ལས་གོང་འཕེལ་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་4000དོན་འཁྱོལ་བྱས་པ་དང་། སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ས་རིན་པ་མེད་པར་སྒོ་ཕྱེ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཡོད། རིག་དངོས་སྲུང་སྐྱོབ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་3.51དོན་འཁྱོལ་བྱས་ཡོད། བཞི་ནི་ཚན་རྩལ་བྱ་གཞག་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ། དངོས་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་2དང་ཚན་རྩལ་ཆེད་མངགས་པའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་0.66དོན་འཁྱོལ་བྱས་ཡོད།

6.ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ། ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུ་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་ཚོད་ལྟ་སྤེལ་ཡུལ་ལ་སྐུལ་སྤེལ་ཧུར་ཐག་བཏང་བ་དང་། དེ་བཞིན་རྨང་བརྟན་དམངས་ཕན་དང་“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་མཚན་གཏོད། སྤྱི་ཚོགས་དོ་དམ་གསར་གཏོད། གཞི་རིམ་ཏང་ལེགས་སྐྱོང་སོགས་བྱེད་རྒྱུའི་ཐད་ཀྱི་མ་དངུལ་འགན་ལེན་ཡག་པོ་བྱས་ཡོད། “ནག་སེལ་གཤེད་བཅོམ་དང་། ཁྲིམས་མེད་ལ་རྡུང་རྡེག ཟང་ཟིང་བཅོས་སྒྲིག གཡེམ་འཆལ་ལོག་རིགས་ལ་རྡུང་རྡེག”བཅས་ཀྱི་ཆེད་སྤྱོད་འཐབ་རྩོད་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ལྟ་སྡོམ་གྱི་དགོས་མཁོ་ཏན་ཏིག་བསྐངས་ཡོད། ལས་རོགས་ཉེན་རྟོག་པའི་ཐོབ་ཐང་སྐབས་བསྟུན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་བཟོས་ཡོད། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་མཚན་གཏོད་བྱེད་སྒོའི་ཐད་འགྲོ་གྲོན་སྒོར་དུང་ཕྱུར་1.58བཏང་བ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་འགྲོ་གྲོན་ཚད་གཞི་དེ་གྲོང་ཚོ་རེར་ལོ་རེར་སྒོར་ཁྲི་10ལ་སྤར་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་དང་ས་གཤིས་གནོད་འཚེ་བཅོས་སྐྱོང་གི་ནུས་པ་ལེགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད།

7.དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་བཏང་ནས་ལོ་འཁོར་མོར་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ནང་གཞི་རྩའི་འཛུགས་སྐྲུན་ཐད་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་185.95རིམ་རྩིས་གྲབས་གསོག་བྱས་ཡོད། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོས་ནས་སྒོར་དུང་ཕྱུར་5ཡི་ཚོང་དང་མ་རྩ་འདྲེན་འགུགས་བྱེད་པའི་བྱ་དགའི་མ་དངུལ་སྤྲོད་རྒྱུ་བྱས་ཡོད། “དགུན་དུས་བོད་དུ་བསྐྱོད་དེ་ས་གོ་ལའི་གླེང་སྣེ་གསུམ་པ་མཉམ་རོལ་བྱེད”ཅེས་པའི་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། “སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས”ཐུགས་གྲ་ལེགས་འགྲིག་ངང་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཡོད། ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས། འབྱུང་འཕྲོད་བཟོ་ལས། དྭངས་གཙང་ནུས་རྒྱུའི་ཐོན་ལས་སོགས་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད།

8.ནོར་སྲིད་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་བ། གཅིག་ནི་སྔོན་རྩིས་བཟོ་འགོད་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། སྔོན་རྩིས་བཟོ་འབུལ་གྱི་བྱ་སྤྱོད་ཚད་ལྡན་བཟོས་ནས་སྔོན་རྩིས་ཚབ་འགོད་ཀྱི་གཞི་ཁྱོན་དང་སྔོན་རྩིས་དོན་འཁྱོལ་བྱེད་པའི་ནང་གི་བགོ་བཤའ་ཐེངས་གཉིས་པ་རྒྱག་རིགས་ཉུང་དུ་བཏང་ཡོད། རྣམ་གྲངས་ཐོ་མཛོད་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་བྱེད་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། གཉིས་ནི་སྔོན་རྩིས་དོན་འཁྱོལ་བྱེད་པའི་ནུས་ཕྱོད་ཆེ་རུ་བཏང་བ། སྔོན་རྩིས་དོན་འཁྱོལ་ལ་གཅུན་སྡོམ་བྱེད་རྒྱུ་ནན་ཏུ་བཏང་ནས“སྔོན་ལ་སྔོན་རྩིས་ཡོད་པ་དང་རྗེས་སུ་གཏོང་སྒོ་གཏོང་བ་དང་སྔོན་རྩིས་མེད་པའི་རིགས་ཀྱི་གཏོང་སྒོ་གཏོང་མི་ཆོག་པའི”བླང་བྱ་ཤུགས་ཆེར་བཏང་སྟེ་སྔོན་རྩིས་དོན་འཁྱོལ་ལ་དཔྱད་ཞིབ་ནན་པོ་དང་སྔོན་རྩིས་གཏོང་སྒོར་དོ་དམ་ཚད་ལྡན་བྱས་ཡོད། འཕྲོས་སྒྱུར་འཕྲོས་ལྷག་གི་མ་དངུལ་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གསོག་ཐེབས་མ་དངུལ་ཕན་སྒྱུར་བྱས་ཁར། མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་དགོས་ངེས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་འཆར་འགོད་ཐོག་བཏང་ཡོད། གསུམ་ནི་གཤམ་འོག་ལ་མ་དངུལ་སྒྱུར་སྤྲོད་བྱེད་པའི་ལམ་ལུཌ་འཐུས་སྒོ་ཚང་དུ་བཏང་བ། ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་བསྒྱུར་བཅོས་བྱས་ཡོད། སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་གྱི་འཕར་སྣོན་ལམ་སྲོལ་བཙུགས་པ་དང་ཚགས་ཚུད་དུ་བཏང་ནས་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་ཀྱི་གཞི་ཁྱོན་དང་བསྡུར་ཚད་སྔར་བས་མཐོ་རུ་བཏང་སྟེ་འབྱོར་སྟོབས་དེ་ཐག་རིང་ལུང་ཁུག་དང་། དབུལ་པོའི་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ལ་འཕར་གཟིགས་བྱས་ཡོད། བཞི་ནི་སྔོན་རྩིས་ལས་རྗེས་ལ་དོ་དམ་བྱེད་རྒྱུ་ཕྱོཌ་ཡོངས་ནས་ལག་བསྟར་བྱས་པ། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། བར་རིམ་གསལ་བ། དངོས་སུ་སྤྱོད་འཐུས་བཅས་ཀྱི་སྔོན་རྩིས་ལས་རྗེས་ལ་དཔྱད་གདེང་བྱེད་པའི་དམིགས་ཚད་མ་ལག་གི་སྒྲོམ་གཞི་བཟོས་ཡོད། གཏོང་སྒོའི་སྔོན་རྩིས་ལས་རྗེས་ལ་ཕྱོགས་གང་ཐད་ནས་རྗེས་འདེད་དོ་དམ་བྱས་ཡོད། གཙོ་གནད་རྣམ་གྲངས་ཀྱི་ལས་རྗེས་དཔྱད་གདེང་དང་སྲིད་ཇུས་ཀྱི་ཚོད་སྐོར་བྱས་ཡོད། ཕྱོགས་གསུམ་པའི་ལས་ཁུངས་ལ་མངག་བཅོལ་བྱས་ཏེ་2019ལོའི་སྡེ་ཚན་གྱི་སྔོན་རྩིས་རྣམ་གྲངས་ཀྱི་ལས་རྗེས་དམིགས་ཚད་ལ་ཞིབ་བཤེར་བྱས་ཡོད།

སྤྱིའི་ཆ་ནས་བལྟས་ན། 2018ལོར་ནོར་སྲིད་འཁོར་རྒྱུག་བྱེད་ཚུལ་སྤྱི་ཡོངས་ནས་བརྟན་པོ་དང་། བརྟན་ཐོག་ཡར་འཕེལ། བརྟན་ཐོག་སྤུས་ལེགས་བཅས་བྱུང་ནས་ནོར་སྲིད་བསྒྱུར་བཅོས་དང་གོང་འཕེལ་སྐུལ་སྤེལ་ཐེབས་པ་དང་། དམངས་འཚོ་ཟམ་མི་ཆད་པར་ལེགས་སུ་སོང་བ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་སོང་བ་བཅས་བྱུང་ཡོད། འདི་ནི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་ཡང་དག་པའི་དབུ་ཁྲིད་གནང་བའི་འབྲས་བུ་ཞིག་དང་། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་དང་སྲིད་གྲོས། དེ་བཞིན་འཐུས་མི་དང་ཨུ་ཡོན་རྣམ་པས་ཁྲིམས་ལྟར་ལྟ་སྐུལ་དང་མཛུབ་ཁྲིད་ཤུགས་ཆེ་གནང་བའི་འབྲས་བུ་ཞིག རིམ་ཁག་སྡེ་ཚན་ཁག་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་ཞིག་བཅས་ཡིན།

དུས་མཚུངས། མིག་སྔར་རང་ལྗོངས་ཀྱི་ནོར་སྲིད་འཁོར་རྒྱུག་བྱེད་རྒྱུའི་ཐད་སྔར་བཞིན་དཀའ་ངལ་དང་འགྲན་སློང་ཡོད་པ་རིག་པ་དྭངས་གསལ་གྱིས་མཐོང་ཐུབ་པ་སྟེ། གཙོ་བོ་ནི། ཐོན་ལས་ཀྱི་རྨང་གཞི་ཞན་པ་དང་། འབབ་ཁུངས་གཙོ་བོ་བརྟན་པོ་མེད་པ། ནོར་སྲིད་གཏོང་སྒོ་དེ་གཙོ་བོ་ཀྲུང་དབྱང་ནས་རྒྱབ་སྐྱོར་གནང་རྒྱུར་བརྟེན་པ། རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ་འགན་སྲུང་། སྤྱི་པའི་ཞབས་ཞུ་བཅས་གོང་འཕེལ་གཏོང་རྒྱུའི་ཞན་ཆ་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དང་། ནོར་སྲིད་ཡོང་བབ་འཕར་སྣོན་ཅུང་འགོར་བ་དང་མི་གཏོང་ཀ་མེད་ཀྱི་གཏོང་སྒོ་འཕར་སྣོན་འགྲོ་བའི་དབར་གྱི་འགལ་ཟླ་མངོན་གསལ་དོད་པོ་ཡོད་པ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ད་དུང་སྔར་བས་ལེགས་སུ་གཏོང་དགོས་པ། གཏོང་སྒོའི་རྣམ་གྲངས་མང་དུ་གཏོང་བ་ལས་ཉུང་དུ་མི་གཏོང་བའི་རེངས་འགྱུར་གྱི་རྣམ་པར་རྩ་བ་ནས་འགྱུར་ལྡོག་བྱུང་མེད་པ། མ་དངུལ་སྤྱོད་སྟངས་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ། སྔོན་རྩིས་ལས་རྗེས་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཁ་ཚ་དགོས་གཏུག་ལ་ཐུག་པ། ས་གནས་དང་སྡེ་ཚན་འགའ་རེས་མ་འཇོག་བྱེད་རྒྱུར་སྣང་ཆེན་བྱེད་པ་ལས་དོ་དམ་བྱེད་རྒྱུར་སྣང་ཆེན་མི་བྱེད་པ་དང་། གཏོང་སྒོར་སྣང་ཆེན་བྱེད་པ་ལས་ལས་རྗེས་ལ་སྣང་ཆེན་མི་བྱེད་པའི་ལྟ་བ་ཡོད་ལ། ནུས་འབྲས་ཀྱི་དོ་དམ་བྱེད་ཁྱོན་དང་གཏིང་ཚད་མི་འདང་བས་ནོར་སྲིད་མ་དངུལ་ཁྱོན་ཡོངས་ལ་ཁྱབ་ཐུབ་ཀྱི་མེད་པ། ཁྱབ་ཁོངས་འགའ་རེའི་ནོར་སྲིད་མ་དངུལ་ཕན་ཆུང་ཕན་མེད་དང་བེད་མེད་ཕུང་གསོག་ཐེབས་པ། གྱོང་གུན་དང་ཆུད་ཟོས་སུ་འགྲོ་བ་བཅས་ཀྱི་གནད་དོན་སྐབས་རེ་ཐོན་གྱི་ཡོད་པས་ལས་རྗེས་ལ་སྐུལ་ལྕག་དང་གཅུན་སྡོམ་བྱེད་པའི་ནུས་པ་སྔར་བས་ཤུགས་ཆེར་གཏོང་དགོས་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁར་དོ་སྣང་བྱེད་དགོས་ཀྱི་ཡོད་པ། ས་གནས་འགའ་རེའི་དམངས་འཚོའི་གཏོང་སྒོའི་ཐད་ཞིབ་རྩིས་དོ་མཉམ་མེད་པ། དཔལ་འབྱོར་གོང་འཕེལ་འགྲོ་ཚད་དང་འབྱོར་སྟོབས་ཀྱི་དངོས་ཡོད་དང་མི་འཚམ་པ། དམངས་འཚོའི་ཚད་གཞི་བཟོ་ཚད་ལས་མཐོ་དྲགས་པ། འགན་སྲུང་བྱེད་ཁོངས་རང་དགར་རྒྱ་ཆེར་གཏོང་བ། ནོར་སྲིད་ཀྱི་རྒྱུན་བསྲིང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་བཅས་ཡིན། དེ་དག་ཚང་མའི་ཐད“ལྷོད་སྡོད་བྲལ་བའི”འགན་འཁྲི་འཁུར་སེམས་དང“སྒུག་ཐབས་མེད་པའི”དགོས་གཏུག་གི་བསམ་པ། “དལ་རྒྱུ་མེད་པའི”ཉེན་ཁའི་བསམ་པ་བཅས་ཀྱི་ཐོག་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

གཉིས། 2019ལོའི་སྔོན་རྩིས་འཆར་ཟིན།

2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་མཐའ་མའི་རྒྱལ་ཁ་ལེན་རྒྱུའི་འགག་རྩའི་ལོ་ཞིག་དང་། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག ཕྱོགས་ཡོངས་ནས་དབུལ་པོ་དབུལ་ནག་མེད་པ་བཟོ་བའི་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་ཞིག་བཅས་ཡིན་པས། 2019ལོའི་སྔོན་རྩིས་བཟོ་འགོད་ཡག་པོ་བྱེད་རྒྱུ་དང་ནོར་སྲིད་ལས་དོན་ཁག་ལེགས་པོ་བསྒྲུབ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་《2019ལོའི་ཀྲུང་དབྱང་གི་སྔོན་རྩིས་དང་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི》(རྒྱལ་སྤེལ[2018]ཡིག་ཨང་40པ)བླང་བྱར་གཞིགས་ཏེ། ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་དང་། རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམ་སྒྲིག་གི་སྤྱིའི་བླང་བྱ། ལོ་བརྒལ་སྔོན་རྩིས་དོ་སྙོམས་ཡོང་རྒྱུའི་དགོས་མཁོ་བཅས་གཞིར་བཟུང་། ལོ་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་། འབྲེལ་ཡོད་གཏོང་སྒོའི་ལས་རྗེས་དཔྱད་གདེང་བྱས་འབྲས། ལོ་འཁོར་འདིའི་གཏོང་ཡོང་གྱི་སྔོན་དཔག་བཅས་དཔྱད་གཞིར་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ནོད་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལ་ཟུང་འབྲེལ་བྱས་ཁར། གཏན་འབེབས་ཀྱི་གོ་རིམ་བཞིན་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས་2019ལོའི་སྔོན་རྩིས་འཆར་ཟིན་བཟོ་འགོད་བྱས་ཡོད།

(གཅིག)2019ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་དང་རྩ་བའི་རྩ་དོན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་ཏན། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་ལག་ལེན་ནན་ཏན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་གཅིག་གྱུར་འཆར་འགོད་ཐོག་སྐུལ་སྤེལ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་ནས་བརྟན་ཐོག་ཡར་འཕེལ་དང་། ཡར་འགྲོ་ཡག་བརྩོན། ཆད་སྐྱོན་སེལ་བ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། གོང་འཕེལ་གྱི་བསམ་གཞི་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱེད་རྒྱུ་གཙོ་ཐིག་ཏུ་འཛིན་རྒྱུ་མཐའ་འཁྱོངས། ཁྲོམ་ར་ཅན་གྱི་བསྒྱུར་བཅོས་གསར་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག དེང་རབས་ཅན་གྱི་ནོར་སྲིད་ལམ་ལུགས་གང་མགྱོགས་འཛུགས་རྒྱུ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་དེ་རྩ་བའི་བྱེད་ཐབས་སུ་བཟུང་སྟེ་འགག་སྒྲོལ་གྱི་ལས་དོན་ཆེན་པོ་གསུམ་ཡག་པོ་སྤེལ་བ་དང་ཤུགས་གང་ཆེ་བརྒྱབ་ནས“ལས་གཞི་ཆེན་པོ་བཅུ”ལ་སྐུལ་སྤེལ་གཏོང་བ། ནུས་ཤུགས་གཅིག་ཏུ་བསྒྲིལ་ནས“ཐོན་ལས་ཆེན་པོ་བདུན”གོང་འཕེལ་གཏོང་བ། གཞི་ཆུང་གཙོ་རྐང་གི་གསོན་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་དང་། དངུལ་རྩ། ཕྱི་ཕྱོགས་ཉོ་ཚོང་། ཕྱི་ཕྱོགས་མ་རྩ། མ་འཇོག སྔོན་དཔག་བཅས་སྔར་བས་བརྟན་པོ་ཡོང་བ་བྱེད་པ། ཁྲོམ་རའི་ཡིད་ཆེས་ཇེ་ཆེར་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བ། ནོར་སྲིད་སྲིད་ཇུས་ཀྱི་གནད་ལ་འཁེལ་ཚད་དང་ཕན་ནུས་ཐོན་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁྲལ་རིན་གཉིས་བཅོག་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་ངོ་མ་གཏོང་ཐུབ་པ་བྱེད་རྒྱུ། གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་གཏོང་མཁས་སྤྱོད་མཁས་ཀྱི་བསམ་བློ་བརྟན་པོ་བཙུགས་ཐོག་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་གཏོང་ཤུགས་ཆེ་རུ་བཏང་སྟེ། མ་དངུལ་བགོ་སྒྲིག་གི་ཕན་འབྲས་ཆེ་རུ་གཏོང་རྒྱུ། མ་དངུལ་སྒྱུར་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཕྱོགས་ཡོངས་ནས་སྔོན་རྩིས་ལས་རྗེས་ལ་དོ་དམ་བྱེད་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁར་འགོག་ཟོན་སེལ་ཐབས་ཧུར་ཐག་བྱེད་པ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཇུག་བསྡུའི་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་རྒྱུ་དང་། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།

གོང་གསལ་མཛུབ་ཁྲིད་བསམ་བློ་གཞིར་བཟུང་། སྔོན་རྩིས་བཟོ་འགོད་བྱེད་པར་གཤམ་གསལ་རྩ་དོན་ཁོང་དུ་ཆུད་གང་ཐུབ་བྱེད་དགོས་པ་སྟེ།

1.ཁྲིམས་ལུགས་ཁྲིམས་སྲོལ་ལྟར་མཐའ་འཁྱོངས་བྱེད་རྒྱུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》སོགས་ཁྲིམས་སྲོལ་ལམ་ལུགས་ཀྱིས་ཁྲིད་སྟོན་བྱེད་རྒྱུ་དང་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་བྱེད་པར་དང་ལེན་ཞུས་ཏེ་སྔོན་རྩིས་བཟོ་འགོད་ཀྱི་གཙོ་རྐང་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས། ཁྲིམས་བཞིན་འབྱོར་སྐྱོང་དང་ཁྲིམས་སྐྱོང་ནོར་སྲིད་འཛུགས་སྐྱོང་བྱས་ཏེ་ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་དུས་འབྲིང་འཆར་འགོད་ལ་དོ་དམ་བྱེད་པའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་གཞི་གསར་སྔོན་རྩིས་བཟོ་འགོད་བྱས་ཐོག་དོ་དམ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཐོག་ནོར་སྲིད་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

2.དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་རྒྱུ། ཡོང་འབབ་སྔོན་རྩིས་བཀོད་སྒྲིག་བྱེད་པར་ཧུར་ཞིང་བརྟན་པོ་དང་སྤུས་ཚད་དོན་གཉེར་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་སྔོན་དཔག་བྱས་ཏེ། གཞི་ཆེའི་དཔལ་འབྱོར་དུས་བབ་དང་རྒྱལ་ཁབ་ཀྱི་ཁྲལ་རིན་གཉིས་ཆག་གི་སྲིད་ཇུས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་གྱི་ཆུ་ཚད་དང་འཚམ་པའི་ཡོང་འབབ་ཀྱི་དམིགས་ཚད་བཟོས་ཏེ་ཡོང་འབབ་ཀྱི་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་དེ་དོན་དངོས་དང་འཚམ་ཐུབ་པ་བྱེད་རྒྱུ།

3.གཙོ་གནད་མངོན་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། གཏོང་སྒོའི་སྔོན་རྩིས་ཀྱི་བཀོད་སྒྲིག་ལ་གཅིག་འགྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གིས་གཙོ་གནད་མངོན་ཆེར་བཟུང་ནས་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱེད་རྒྱུར་ཤུགས་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་འགན་སྲུང་བྱེད་རྒྱུར་ཤུགས་བརྒྱབ་སྟེ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྤྱི་ཡོངས་ལ་འདེགས་སྐྱོར་བྱེད་རྒྱུའི་ནུས་པ་ཆེ་རུ་གཏོང་རྒྱུར་གནད་དུ་འཕིགས་པར་དམིགས་རྒྱུ། ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་གྱིས་འགན་སྲུང་བྱེད་དགོས་ངེས་རིགས་འགན་སྲུང་ཡག་པོ་བྱེད་རྒྱུ་དང་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་དང་ཉུང་དུ་བཏང་ནས་གྲོན་ཆུང་བྱས་པའི་མ་དངུལ་དེ་གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་པར་སྤྱད་དེ་དབུལ་སྐྱོར་དང་། ཞིང་ལས། སློབ་གསོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་རྒྱུ།

4.ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཤུགས་ཆེར་གཏོང་རྒྱུ། ནོར་སྲིད་གཏོང་སྒོའི་སྲིད་ཇུས་ཀྱི་ཐབས་ཇུས་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ། གཙོ་གནད་རྣམ་གྲངས་ཐད་ཀྱི་ནོར་སྲིད་ཀྱི་ཐེགས་ནུས་ལ་ཚོད་སྐོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁས་ལེན་བྱེད་དྲགས་པ་དང་འགན་སྲུང་བྱེད་དྲགས་པའི་གཏོང་སྒོའི་སྲིད་ཇུས་གཙང་སེལ་དང་ཚད་ལྡན་བཟོ་རྒྱུར་ཤུགས་བརྒྱབ་ཐོག་དམངས་འཚོའི་གཏོང་སྒོའི་ཚད་གཞི་ཚན་རིག་དང་མཐུན་པའི་ངང་བཟོས་ཏེ་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་ཀྱིས་ནོར་སྲིད་རྒྱུན་མཐུད་ཡོང་བར་འགན་སྲུང་ཐུབ་པ་བྱེད་རྒྱུ།

5.སྔོན་རྩིས་ལས་རྗེས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་རྒྱུ། ཕྱོགས་ཡོངས་ནས་སྔོན་རྩིས་ལས་རྗེས་ལ་དོ་དམ་བྱེད་པ་དང་། སྔོན་རྩིས་ལས་རྗེས་ཀྱི་དོ་དམ་ལས་རིམ་འཐུས་སྒོ་ཚང་ཏུ་གཏོང་བ། སྔོན་རྩིས་ལས་རྗེས་ཀྱི་དོ་དམ་བྱེད་ཁོངས་རྒྱ་ཆེར་གཏོང་བ། གདེང་འཇོག་བྱས་འབྲས་བེད་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གསོག་ཐེབས་ཕན་སྒྱུར་དང་འཕེལ་འབོར་སྤྱོད་མཁས་ཡོང་བར་འབད་བརྩོན་གྱིས་ནོར་སྲིད་ཐོན་ཁུངས་བགོ་སྒྲིག་གི་ནུས་ཕྱོད་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ།

6.ནོར་སྲིད་ཀྱི་ཉེན་ཁར་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ། སྔོན་རྩིས་ཀྱི་གཅུན་སྡོམ་ནན་དུ་གཏོང་བ་དང་བཅད་གྲངས་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོས་ནས་ས་གནས་སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ས་གནས་སྲིད་གཞུང་གི་བུ་ལོན་མ་དངུལ་བསྡུ་རྒྱུག་བྱེད་པའི་བྱ་སྤྱོད་ཚད་ལྡན་བཟོས་ཏེ། མངོན་མེད་བུ་ལོན་གྱི་འཕེལ་འབོར་བཀག་སྡོམ་མཐའ་གཅིག་ཏུ་བྱེད་རྒྱུ་དང་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་གསོག་འབོར་ཀྱི་ཉེན་ཁ་བརྟན་པོའི་ངང་སེལ་ཐབས་བྱེད་རྒྱུ།

(གཉིས)མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འཆར་འདྲི་རྩད་བྱས་ཚུལ།

2019ལོར་རང་སྐྱོང་ལྗོངས་རིམ་པ་འདི་གའི་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་ཐད་འདྲི་རྩད་བྱེད་སྲོལ་སྔར་བས་ལེགས་སུ་བཏང་ཞིང་། འཕྲིན་བརྒྱུད་འདྲི་རྩད་དང་བཞུགས་མོལ་ཚོགས་འདུ་དང་བརྟག་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་2019ལོའི་སྔོན་རྩིས་འཆར་ཟིན་ཐད་ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་ལྗོངས་ཐད་གཏོགས་སྡེ་ཚན་དང་། རིགས་གཅིག་མཁས་དབང་། སྤྱི་ཚོགས་ཕྱོགས་ཁག་བཅས་ཀྱིས་བསམ་འཆར་དང་གྲོས་འཆར་ཉན་འཇོག་གང་ལེགས་བྱས་ཁར། ལག་འབྱོར་བྱུང་བའི་བསམ་འཆར་དང་གྲོས་འཆར་བསྡུ་ལེན་གང་ལེགས་བྱས་པ་མ་ཟད་2019ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུར་དུས་ཐོག་ཏུ་བཟོ་བཅོས་རྒྱག་རྒྱུ།

(གསུམ)2019ལོར་ནོར་སྲིད་ནས་རོགས་སྐྱོར་བྱེད་རྒྱུའི་གཙོ་གནད།

རང་སྐྱོང་ལྗོངས་ཀྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཤམ་གསལ་ཁྱབ་ཁོངས་ཀྱི་ལས་དོན་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་རྒྱུ་སྟེ།

1.དབུལ་པོ་དབུལ་ནག་མེད་པར་བཟོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ། དབུལ་སྐྱོར་ཐད་ཀྱི་གཏོང་ཆའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་སྟེ། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་གྲོལ་ལ་སྐུལ་སྤེལ་གཏིང་ཟབ་བཏང་ཐོག དབུལ་སྐྱོར་གྱི་འཕེལ་འབོར་མ་དངུལ་དེ་ཤིན་ཏུ་དབུལ་བའི་ས་ཁུལ་ལ་འཕར་གཟིགས་མཐའ་འཁྱོངས་བྱེད་རྒྱུ། དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་134.86གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་། དེའི་ནང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་83.28བཀོད་སྒྲིག་བྱས་པ་དེ་སྒོར་དུང་ཕྱུར་18.61མང་དུ་སོང་ཞིང་28.8%འཕར་ཡོད། ཐོན་ལས་གོང་འཕེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི“ཆད་སྐྱོན་གཉིས”སེལ་རྒྱུ་མངོན་ཆེར་བཟུང་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོར་གནད་འཕིགས་རོགས་སྐྱོར་བྱེད་རྒྱུར་དམིགས་ཏེ་སྐྱེ་ཁམས་ལས་གནས་ལ་བརྟེན་ནས་དབུལ་གྲོལ་གྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་“ས་ངན”ཁུལ་ཡུག་གྲོང་ཁྱེར་བརྒལ་ཏེ་གནས་སྤོས་བྱེད་རྒྱུ་དང་ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་བྱེད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་དབུལ་པོ་མི་གྲངས་ཁྲི་15ཚང་མ་དབུལ་གྲོལ་ཐུབ་པ་དང་དབུལ་པོའི་རྫོང་19དབུལ་ཞྭ་ཕུད་ཐུབ་པ་བྱས་ཐོག རྩ་བའི་ཆར་དབུལ་པོ་དབུལ་ནག་མེད་པར་བཟོ་རྒྱུའི་དམིགས་ཚད་སྔ་སྣུར་དུ་མངོན་གྱུར་ཐུབ་པ་བྱེད་རྒྱུ། དབུལ་སྐྱོར་མ་དངུལ་ལ་སྐབས་བསྟུན་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་དང་“ཚང་མ་གཉིས”ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་(ཆུད)བཅས་ཀྱི་དབུལ་སྐྱོར་མ་དངུལ་བགོ་བཤའ་བརྒྱབ་ཚུལ་ཚང་མ་ཡོངས་བསྒྲགས་བྱེད་རྒྱུ་དང་། ཤང་དང་གྲོང་ཚོའི་དབུལ་སྐྱོར་རྣམ་གྲངས་བཀོད་སྒྲིག་བྱས་ཚུལ་དང་མ་དངུལ་བེད་སྤྱོད་བྱས་ཚུལ་ཚང་མ་ཡོངས་བསྒྲགས་བྱེད་རྒྱུ།

2.སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ། འཐབ་ས་བརྟན་སྲུང་དང་གྲུབ་འབྲས་སྲ་བརྟན་བཏང་ནས་དྭངས་ཞིང་གཙང་བའི་རི་ཆུ་ཀླུང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྱུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་རྒྱུར་སྒོར་དུང་ཕྱུར་62.43བཀོད་སྒྲིག་བྱེད་རྒྱུ་ཡིན་པས་63.8%འཕར་ཡོད་ཅིང་། དེའི་ནང་སྐྱེ་ཁམས་གཙོ་ནུས་ཐོན་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་16.61དང་། ལྷ་སའི་རི་ཆུ་ནགས་ཞིང་རྩྭ་མཚེའུ་བཅས་ཀྱི་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་རྒྱུར་མ་དངུལ་སྒོར་དུང་ཕྱུར་10 ས་ཁད་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.5 ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་0.55བཅས་སྒྱུར་སྤྲོད་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་གནད་དོན་བཅོས་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་གསིང་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ། གཙང་ཆུ་རྒྱུག་ཁུལ་སྟོད་སྨད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྐྱོང་གསབ་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ།

3.མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་ཡོང་རྒྱུར་ཟུང་འབྲེལ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གཏོང་རྒྱུ་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་54.5སྒྲིལ་སྤྱོད་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་7.9བཀོད་སྒྲིག་བྱས་ནས་མཐའ་མིའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་ཡིན་ཞིང། འཐབ་ས་དང་པོ་དང་གཉིས་པའི་ཤང་(གྲོང་རྡལ)ལ་ཀུན་ཕན་རང་བཞིན་གྱི་མཐའ་མིའི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་4700དང་སྒོར་4500ལ་སྤར་ཏེ་མང་ཚོགས་ཀྱིས་མཐའ་མཚམས་སུ་ཐོན་སྐྱེད་དང་འཚོ་བ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་རྒྱུ། མ་དངུལ་སྒོར་ཁྲི་2700བཀོད་སྒྲིག་བྱས་ནས་འགག་སྒོའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་འགག་སྒོ་སྒྲོལ་བདེ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

4.གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་རྒྱུ”གཙོ་དོན་དུ་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ནོར་སྲིད་ནས་གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་ཀྱི་སྲིད་ཇུས་མ་ལག་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་བརྒྱབ་ཐོག “ཞིང་གསུམ”གྱི་འཕེལ་ཕྱོགས་རྒྱུན་མཐུད་ལེགས་སུ་འགྲོ་བའི་དུས་བབ་སྲ་བརྟན་དུ་གཏོང་རྒྱུ། ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར་114བཀོད་སྒྲིག་བྱེད་རྒྱུ་ཡིན་པས་8.1%འཕར་ཡོད། ཞིང་ལས་ཐད། ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ། གྲོང་གསེབ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ། ཞིང་འབྲོག་ལས་ཀྱི་གནོད་འགོག་གེགས་སེལ་གྱི་མ་དངུལ་སྒོར་དུང་ཕྱུར་6.82དང་། དེང་རབས་ཞིང་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་དུང་ཕྱུར་1.55 ཞིང་འབྲོག་ལས་ལ་རྒྱབ་སྐྱོར་བྱེད་པའི་ཁ་གསབ་སྒོར་དུང་ཕྱུར་3.1 ཞིང་ལས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད། དེ་བཞིན་གྲོང་གསེབ་ཀྱི་སྤྱི་ཕན་བྱ་གཞག་སོགས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.6བཅས་བཀོད་སྒྲིག་བྱེད་རྒྱུ་ཡིན། ནས་དང་། ཤ་རིགས། དཀར་ཆུ་བཅས་ཀྱི་ཐོན་འཕར་བྱ་དགའ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ནགས་ལས་ཐད། ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་སྐྱོང་གསབ་དང་། གཙོ་གནད་ཁུལ་ཁོངས་ནགས་བཟོ་སོགས་ཀྱི་ཁ་གསབ་རོཌ་དངུལ་གྱི་མ་དངུལ་སྒོར་དུང་ཕྱུར་25.73བཀོད་སྒྲིག་བྱས་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཆེད་ལས་བདག་སྐྱོང་གི་མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཆུ་བེད་ཐད། ཞིང་ཁའི(འབྲོག་ཁུལ)ཆུ་བེད་དང་ཆུ་བོ་འབྲིང་ཆུང་བཅོས་སྐྱོང་བྱེད་རྒྱུ་སོགས་ཐད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་9.54དང་། ཆུ་ལོག་གི་གནོད་འཚེའི་འགོག་བཅོས་དང་ཞོད་ཐན་སྔོན་འགོག་བྱེད་རྒྱུ་སོགས་ཀྱི་ཐད་སྒོར་དུང་ཕྱུར་3.36བཀོད་སྒྲིག་བྱེད་རྒྱུ། གྲོང་གསེབ་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུའི་ཐད། མ་དངུལ་སྒོར་དུང་ཕྱུར་5.86བཀོད་སྒྲིག་བྱས་ཏེ་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་བྱ་དགའི་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།

5. སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། “སྤྱིར་བཏང་མི་དམའ་བ་བྱེད་རྒྱུ་གཅིག་དང་སྤར་བ་ལས་ཉུང་དུ་མི་གཏོང་རྒྱུ་གཉིས”ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ནོར་སྲིད་ནས་སློབ་གསོའི་ཐད་མ་འཇོག་བྱེད་པའི་གཞི་ཁྱོན་བརྟན་པོའི་ངང་འཕར་སྣོན་གཏོང་རྒྱུ་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། ཞིང་འབྲོག་ཁུལ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་ལམ་སྲོལ་གཙོ་བོར་བྱེད་པའི་གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་ཡོང་རྒྱུ་སྲ་བརྟན་བཏང་ནས་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། སློབ་གསོ་དང་སློབ་ཁྲིད་ཀྱི་དཔྱད་ཞིབ་ཚོད་སྐོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་གསོའི་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ། སློབ་གསོའི་བྱ་གཞག་ཐད་འགྲོ་གྲོན་སྒོར་དུང་ཕྱུར་191.78བཀོད་སྒྲིག་བྱེད་རྒྱུ་ཡིན་པས་11.4%འཕར་ཡོད་ཅིང་། དེའི་ནང་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཐད་སྒོར་དུང་ཕྱུར་22.38དང་། སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཁག་འགན་སྲུང་བྱེད་རྒྱུའི་ཐད་འགྲོ་གྲོན་སྒོར་དུང་ཕྱུར་7.4བཀོད་སྒྲིག་བྱེད་རྒྱུ། སློབ་ཞུགས་གོང་གི་སློབ་གསོའི་ཐད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1.83དང་། ལས་རིགས་སློབ་གསོའི་ཐད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1.63 མཐོ་རིམ་སློབ་གྲྭ་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་1.99བཅས་བཀོད་སྒྲིག་བྱེད་རྒྱུ། སློབ་གསོའི་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་རྒྱབ་སྐྱོར་བྱེད་རྒྱུ། མཐོ་རིམ་སློབ་གྲྭའི་སློབ་མར་མ་དངུལ་གྱི་ཐད་ནས་རོགས་སྐྱོར་བྱེད་རྒྱུ་དང་། གཞི་རིམ་དུ་ལས་ཞུགས་བྱེད་མཁན་ལ་ཚབ་སྤྲོད་བྱེད་རྒྱུ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་གི་བུ་ཕྲུག་ལ་མཐོ་རིམ་སློབ་གསོའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ས་ཁད་མཐོ་བའི་སློབ་གྲྭའི་དྲོད་གཏོང་ལས་གཞི་ལག་བསྟར་དང་། སློབ་གྲྭ་ཉམས་ཞན་རིགས་བསྒྱུར་བཀོད། དེ་བཞིན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བཅས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ནང་སར་སློབ་གསོ་སློབ་གཉེར་དང་དགེ་རྒན་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། བོད་ལྗོངས་ལག་རྩལ་སློབ་གླིང་འཛུགས་སྐྲུན་བྱས་ཏེ་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཐོག 2019ལོ་ནས་བཟུང་སློབ་མ་བསྡུས་ཏེ་སློབ་གཉེར་བྱེད་ཐུབ་པ་བྱེད་རྒྱུ།

6.དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་རྒྱག་རྒྱུ། དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་མཐུན་སྦྱོར་ཡོང་བ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་ཀྱིས་གཞི་རྩར་འགན་སྲུང་དང་མཐའ་ཚད་སྲུང་སྐྱོང་བྱེད་རྒྱུ་མངོན་ཆེར་བཟུང་ནས་དམངས་འཚོའི་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་མང་བ་ཡོང་བ་བྱེད་རྒྱུ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་མ་དངུལ་སྒོར་དུང་ཕྱུར་92.26བཀོད་སྒྲིག་བྱེད་རྒྱུ་ཡིན་པས་7.5%འཕར་ཡོད། སྤྱི་ཚོགས་འགན་བཅོལ་ཐད། དུས་མཚམས་རང་བཞིན་གྱིས་སྤྱི་ཚོགས་འགན་སྲུང་མ་དངུལ་འཇལ་བའི་བསྡུར་ཚད་དམའ་རུ་གཏོང་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ཀྲུང་དབྱང་གི་གཅིག་གྱུར་སྲིད་ཇུས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཆུ་ཚད་ལེགས་སྒྲིག་ལུགས་མཐུན་བྱེད་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་180ལ་སྤར་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྲིལ་བཅོས་བྱེད་པར་སྐུལ་སྤེལ་བཏང་སྟེ་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་555ལ་སྤར་རྒྱུ་ཡིན་ཞིང་། སྒེར་གྱི་འཇལ་དངུལ་གྱི་བསྡུར་ཚད་ཀྱང་མང་དུ་བཏང་ནས་རྒྱུན་མཐུད་རང་བཞིན་གྱི་མ་དངུལ་གྲབས་གསོག་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ། སྤྱི་ཚོགས་རོགས་སྐྱོབ་ཐད། མ་དངུལ་སྒོར་དུང་ཕྱུར་16.83བཀོད་སྒྲིག་བྱེད་རྒྱུ་ཡིན་པས་6.3%འཕར་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཆེ་བའི་མི་སྣར་རོགས་སྐྱོབ། དྭ་ཕྲུག་དང་ཡུལ་འཁྱར་སློང་མོར་རོགས་སྐྱོབ་སོགས་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་800ལ་སྤར་རྒྱུ། “རྒན་གྲས་གསུམ”གྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་50སྤར་རྒྱུ་ཡིན། གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱིར་བཏང་གི་སྨན་བཅོས་རོགས་སྐྱོབ་དང་ནད་གཞི་ཚབས་ཆེའི་རིཌ་ཀྱི་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། དབུལ་པོའི་དབང་པོ་སྐྱོན་ཅན་ལ་འཚོ་སྣོན་སྤྲོད་རྒྱུ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་སྐྱོང་ཁ་གསབ་སྤྲོད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་0.97བཀོད་སྒྲིག་བྱེད་རྒྱུ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་ཞིང་རང་རྐྱ་མི་ཕེར་བ་སོགས་ཀྱི་རྒན་རྒོན་ལ་ཁ་གསབ་སྤྲོད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ལས་ཞུགས་ཐད། སྲིད་གཞུང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བྱེད་པའི་ཐད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་6བཀོད་སྒྲིག་བྱེད་རྒྱུ། ཤེས་ལྡན་པ་འདྲེན་འགུགས་དང་མི་ཤུགས་ཐོན་ཁུངས་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་1.03བཀོད་སྒྲིག་བྱེད་རྒྱུ། སྤྱི་ཚོགས་ཀྱི་བཀོད་སྒྲིག་ཐད།(བསྡུས) སྡོད་ཁང་འགན་སྲུང་བྱེད་རྒྱུའི་ཐད། སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་དང་གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་བོགས་ལེན་ལ་ཁ་གསབ་སྤྲོད་པ་སོགས་ཀྱི་ཐད་མ་དངུལ་སྒོར་དུང་ཕྱུར་3.91བཀོད་སྒྲིག་བྱེད་རྒྱུ།

7.སྨན་བཅོས་འགན་སྲུང་མ་ལག་ཚགས་ཚུད་དུ་གཏོང་རྒྱུ། བདེ་ཐང་བོད་ལྗོངས་ལེགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཚགས་ཚུད་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་ཐད་མ་དངུལ་སྒོར་དུང་ཕྱུར་42.38བཀོད་སྒྲིག་བྱེད་རྒྱུ་ཡིན་པས་16.3%འཕར་ཡོད་ཅིང་། དེའི་ནང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཐད་འགྲོ་གྲོན་སྒོར་དུང་ཕྱུར་1.69བཀོད་སྒྲིག་བྱས་ཏེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་རིགས་ལ་ཁ་གསབ་སྤྲོད་པའི་སྨན་བཅོས་འགན་བཅོལ་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། སྨན་བཅོས་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་རྒྱུའི་ཐད་སྒོར་དུང་ཕྱུར་7.18དང་། དམངས་ཡོངས་ཀྱི་གཟུགས་གཞི་བརྟག་དཔྱད་བྱེད་རྒྱུའི་ཐད་འགྲོ་གྲོན་སྒོར་དུང་ཕྱུར་5.91 གཙོ་ཆེའི་སྤྱི་པའི་འཕྲོད་བསྟེན་ཐད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.7 འཆར་ལྡན་བུ་བཙའ་དང་མ་བུ་བདེ་ཐང་ཡོང་བར་བྱེད་རྒྱུའི་ཐད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་2.38 རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ཐད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.65 གྲོང་ཚོའི་སྨན་པར་ཁ་གསབ་སྤྲོད་རྒྱུའི་ཐད་འགྲོ་གྲོན་སྒོར་དུང་ཕྱུར་1.31 སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཐད་འགྲོ་གྲོན་སྒོར་དུང་ཕྱུར་1 བོད་ལུགས་གསོ་རིག་སྨན་ལས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་ཆེད་སྤྱོད་འགྲོ་གྲོན་སྒོར་དུང་ཕྱུར་0.7བཅས་བཀོད་སྒྲིག་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་སྨན་ཁང་འཛུགས་སྐྲུན་དང་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་སྨན་ཁང་གི་ནུས་པ་ལེགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ།

8. རིག་གནས་དང་ཚན་རྩལ་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། རིག་གནས་དང་ལུས་རྩལ་ཐད། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་སྤྱི་པའི་མ་ལག་གི་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ཐད་མ་དངུལ་སྒོར་དུང་ཕྱུར་11.17བཀོད་སྒྲིག་བྱེད་རྒྱུ་ཡིན་པས་6.5%འཕར་ཡོད། རྟེན་རྫས་བཤམས་སྟོན་ཁང་དང་། དྲན་གསོ་ཁང་། དཔེ་མཛོད་ཁང་། རིག་གནས་ཁང་སོགས་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ས་རིན་མེད་ཐོག་སྒོ་མོ་དབྱེ་བའི་སྲིད་ཇུས་དང་ལུས་རྩལ་ཐང་གླ་ཡོན་དམའ་ཙམ་ལེན་པའི་ཐོག་ནས་སྒོ་མོ་དབྱེ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་5.44དང་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་4000བཀོད་སྒྲིག་བྱེད་རྒྱུ། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་གོང་འཕེལ་གཏོང་རྒྱུའི་ཐད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་2.15བཀོད་སྒྲིག་བྱེད་རྒྱུ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་3.08བཀོད་སྒྲིག་བྱེད་རྒྱུ། ཚན་རྩལ་ཐད། ཁ་གསབ་བྱ་དགར་སྒྱུར་བ་དང་མ་འཇོག་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་སོགས་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཁེ་ལས་ཀྱིས་ཚན་རྩལ་ཐད་མ་འཇོག་བྱེད་རྒྱུར་ཁྲིད་སྟོན་གྱིས་གྲུབ་འབྲས་ཕན་སྒྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཚན་རྩལ་ཐད། གཏོང་ཆ་སྒོར་དུང་ཕྱུར་3.13བཀོད་སྒྲིག་བྱེད་རྒྱུ་ཡིན་པས་4%འཕར་ཡོད་ཅིང་། གཙོ་བོ་དངོས་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་རྒྱུ་དང་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ཚན་རྩལ་གྱི་ཆེད་མངག་པར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་རྒྱུ།

9.སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་དོ་དམ་བྱེད་ཕྱོགས་གསར་གཏོད་དང་། རྨང་བརྟན་དམངས་ཕན། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་མཚན་གཏོད། དགོན་སྡེའི་དོ་དམ། “གསར་གཉིས”རྩ་འཛུགས་གོང་འཕེལ། གཞི་རིམ་གྱི་ཏང་ལེགས་སྐྱོང་སོགས་ཐད་ཀྱི་མ་དངུལ་འགན་སྲུང་ཡག་པོ་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་གོང་འཕེལ་ལ་སྲུང་སྐྱོང་བྱེད་རྒྱུ། རྨང་བརྟན་དམངས་ཕན་གྱི་ལས་དོན་ཐད་འགྲོ་གྲོན་སྒོར་དུང་ཕྱུར་13.8དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་མཚན་གཏོད་བྱེད་སྒོའི་ཐད་འགྲོ་གྲོན་སྒོར་དུང་ཕྱུར་1.58བྱེད་རྒྱུ། གནོད་འཚེ་འགོག་བཅོས་མ་ལག་དང་། འཕྲལ་སྒྲུབ་རོགས་སྐྱོབ། བདེ་འཇགས་ཐོན་སྐྱེད་ལྟ་སྡོམ་སོགས་ཀྱི་ནུས་པ་ལེགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། མཚོ་བོད་དང་ལྷ་གཞིས་ལྕགས་ལམ་གྱི་ལམ་སྐྱོང་མཉམ་འགོག་ཐད་འགྲོ་གྲོན་སྒོར་དུང་ཕྱུར་1.61གཏོང་རྒྱུ། ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)5461གི་ཏང་ལེགས་སྐྱོང་བྱེད་པའི་ལས་ཀའི་འགྲོ་གྲོན་གྱི་ཚད་གཞི་དེ་ཆ་སྙོམས་སྒོར་ཁྲི་10ཡི་ཚད་གཞི་ལྟར་ལེགས་སྒྲིག་བྱེད་རྒྱུ། གཞི་རིམ་གྱི་ཏང་ལེགས་སྐྱོང་དང་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་བའི་བྱེད་སྒོའི་འགྲོ་གྲོན་སྒོར་དུང་ཕྱུར་0.7བཀོད་སྒྲིག་བྱེད་རྒྱུ།

10.དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། རྨང་གཞིའི་འཛུགས་སྐྲུན་ཐད་མ་འཇོག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲལ་རིན་གཉིས་ཆག་གི་སྲིད་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་དང་། དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ། གཞི་རྩའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་11དང་། གཞུང་ལམ་འཛུགས་སྐྲུན་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་191.46 གཞུང་ལམ་བདག་སྐྱོང་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་22.31བཅས་བཀོད་སྒྲིག་བྱེད་རྒྱུ། ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱུའི་ཐད་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་5དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱེད་རྒྱུའི་ཐད་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱེད་རྒྱུ། ཡུལ་སྐོར་ཐོན་ལས་གོང་འཕེལ་དང་“དགུན་དུས་བོད་དུ་ཡུལ་སྐོར”བྱེད་རྒྱུའི་ཐད་ཁ་གསབ་རོགས་དངུལ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་1.5བཀོད་སྒྲིག་བྱེད་རྒྱུ། མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་ཐེབས་རྩར་སྒོར་དུང་ཕྱུར་1དང་། མ་དངུལ་བསྡུ་རྒྱུག་ཐེབས་རྩར་སྒོར་དུང་ཕྱུར་1 ཀུན་ཕན་དངུལ་རྩ་གོང་འཕེལ་གཏོང་རྒྱུའི་ཐད་སྒོར་དུང་ཕྱུར་0.86བཀོད་སྒྲིག་བྱེད་རྒྱུ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་ཁེ་ལས་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་4000བཀོད་སྒྲིག་བྱེད་རྒྱུ། དམངས་སྤྱོད་མཁའ་འགྲུལ་དང་། འཕྲིན་གཏོང་། སྦྲག་སྲིད་སོགས་ཡོངས་ཁྱབ་ཞབས་ཞུའི་དམིགས་བསལ་ལས་རིགས་ཐད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་6.12བཀོད་སྒྲིག་བྱེད་རྒྱུ། འབྲུ་རིགས་ཀྱི་ཉེན་ཟོན་ཐེབས་རྩ་དང་ཞོར་ཟས་གྲབས་གསོག་སོགས་འབྲུ་སྣུམ་ལས་དོན་ཐད་མ་དངུལ་སྒོར་དུང་ཕྱུར་1.55བཀོད་སྒྲིག་བྱེད་རྒྱུ། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་4955བཀོད་སྒྲིག་བྱེད་རྒྱུ།

(བཞི)2019ལོའི་གཏོང་ཡོང་བཀོད་སྒྲིག

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1)ལྗོངས་ཡོངས་ཀྱི་གཏོང་ཡོང་བཀོད་སྒྲིག ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1762.37ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་187.5ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་ཀྱི་གྲངས་དང་བསྡུར་ན་12.4%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1304.34ཡིན། ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་123.94ཡིན། སྔོན་རྩིས་བརྟན་སྙོམས་ཐེབས་རྩར་སྤྱོད་རྒྱུ་སྒོར་དུང་ཕྱུར་132.59དང་། གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ནང་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་1 སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་13བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1762.37བཀོད་སྒྲིག་བྱེད་རྒྱུ་ཡིན་པས་གཏོང་ཡོང་དོ་སྙོམས་བྱུང་ཡོད།

(2)རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་གཏོང་ཡོང་།

རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1499.78ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་14.09ཡིན་པས་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་3.3%ཆག་ཡོད་ཅིང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1304.34དང་། ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་87.78དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བེད་སྤྱོད་གཏོང་རྒྱུ་སྒོར་དུང་ཕྱུར་80 གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ནས་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་0.57 སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་13བཅས་ཡིན།

རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་709.35(རང་སྐྱོང་ལྗོངས་ཀྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་གི་གལ་ཆེའི་དོན་གནད་དང་དེ་བཞིན་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་བགོ་བཤའ་དང་གཤམ་སྤྲོད་བྱེད་རྒྱུར་སྔོན་ཉར་བྱས་པའི་གཏོང་སྒོ་སྒོར་དུང་ཕྱུར་273.2དང་ལོ་གོང་མའི་འཕྲོས་སྒྱུར་ཆེད་སྤྱོད་གཏོང་སྒོ་སྒོར་དུང་ཕྱུར་87.78ཚུད)བཀོད་སྒྲིག་བྱེད་རྒྱུ་ཡིན། གཙོ་བོའི་རྩིས་ཚན་གྱི་གཏོང་སྒོའི་གནས་ཚུལ་ནི། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་27.24དང་། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་2.51 རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་དུང་ཕྱུར་16.69 སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་62.74 འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་སྒོར་དུང་ཕྱུར་29.92 ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་7.34 གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་0.72 ཞིང་ནགས་ཆུ་བེད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་53.83 འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏོང་སྒོ་སྒོར་དུང་ཕྱུར་224.94 ཐོན་ཁུངས་རྩད་འཚོལ་ཆ་འཕྲིན་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2.78 ཚོང་ལས་ཞབས་ཞུའི་ལས་རིགས་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་0.75 རང་བྱུང་ཐོན་ཁུངས་དང་རྒྱ་མཚོ་གནམ་གཤིས་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་4.75 སྡོད་ཁང་འགན་སྲུང་གི་གཏོང་སྒོ་སྒོར་དུང་ཕྱུར་1.71 གནོད་འཚེ་འགོག་བཅོས་དང་འཕྲལ་སྒྲུབ་དོ་དམ་གྱི་གཏོང་སྒོ་སྒོར་དུང་ཕྱུར་3.41བཅས་ཡིན།

རིམ་པ་དེ་གའི་གྲབས་གསོག་མ་དངུལ་སྒོར་དུང་ཕྱུར་12བཀོད་སྒྲིག་བྱེད་རྒྱུ་དང་ཆེད་སྤྱོད་གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་0.31ཡིན། ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་སྒོར་དུང་ཕྱུར་778.12བཀོད་སྒྲིག་བྱེད་རྒྱུ།

(3)རང་སྐྱོང་ལྗོངས་ཀྱིས་ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུའི་གནས་ཚུལ།

2019ལོའི་སྔོན་རྩིས་བཀོད་སྒྲིག་ནང་རང་སྐྱོང་ལྗོངས་ནས་ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་778.12ཡིན་ཞིང་། དེའི་ནང་།

ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་སྒོར་དུང་ཕྱུར་32.87ཕྱིར་སློག་བྱེད་རྒྱུ།

ས་གནས(གྲོང་ཁྱེར)ལ་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒོར་དུང་ཕྱུར་617.63སྒྱུར་སྤྲོད་བྱེད་རྒྱུ་ཡིན། གཙོ་བོ་སྒྲིག་སྲོལ་ཐད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་11.01དང་། དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་210.29 རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་16.84 དུས་རྩིས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་19.91 གྲོང་ཁྱེར་གྲོང་གསེབ་ཀྱི་འགན་བབས་སློབ་གསོའི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་151.63 གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་10.6 གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་10.15 གྲངས་ཚད་གཏན་འཇགས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་73.03 མཐའ་མཚམས་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་11.31 དབུལ་པོའི་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་75.68 སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་གཞན་དག་སྒོར་དུང་ཕྱུར་19.18བཅས་ཚུད་ཡོད།

ས་གནས(གྲོང་ཁྱེར)ཀྱི་ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་སྒོར་དུང་ཕྱུར་127.62ཡིན་ཞིང་། གཙོ་བོ་ཚན་རྩལ་ཐད་ཀྱི་སྒོར་དུང་ཕྱུར་1.11 སློབ་གསོའི་ཐད་ཀྱི་སྒོར་དུང་ཕྱུར་19.38 རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་ཐད་ཀྱི་སྒོར་དུང་ཕྱུར་4.79 སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ཀྱི་སྒོར་དུང་ཕྱུར་17.29 སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཐད་ཀྱི་སྒོར་དུང་ཕྱུར་12.05 ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྒོར་དུང་ཕྱུར་5.4 ཞིང་ནགས་ཆུ་བེད་ཐད་ཀྱི་སྒོར་དུང་ཕྱུར་47.04 འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཀྱི་སྒོར་དུང་ཕྱུར་3.92 ཚོང་ལས་ཞབས་ཞུའི་ལས་རིགས་ཐད་ཀྱི་སྒོར་དུང་ཕྱུར་0.3 རང་བྱུང་ཐོན་ཁུངས་དང་རྒྱ་མཚོ་གནམ་གཤིས་སོགས་ཐད་ཀྱི་སྒོར་དུང་ཕྱུར་10.28 སྡོད་ཁང་འགན་སྲུང་ཐད་ཀྱི་སྒོར་དུང་ཕྱུར་2.73 ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་གཞན་དག་ཐད་ཀྱི་སྒོར་དུང་ཕྱུར་2.88བཅས་ཚུད་ཡོད།

(4)ས་གནས(གྲོང་ཁྱེར)ཀྱི་གཏོང་ཡོང་།

ས་གནས(གྲོང་ཁྱེར)ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1040.72ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་173.42ཡིན་པས་13.9%འཕར་ཡོད། རང་སྐྱོང་ལྗོངས་ནས་ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་778.12དང་། ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་36.16 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་གཏོང་རྒྱུ་སྒོར་དུང་ཕྱུར་52.59 གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ནང་སྒྱུར་འཇུག་བྱེད་རྒྱུ་མ་དངུལ་སྒོར་དུང་ཕྱུར་0.43བཅས་ཡིན། ས་གནས(གྲོང་ཁྱེར)ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1040.72ཡིན།

མངའ་རིས་ས་ཁུལ་གྱི་རིམ་པ་དེ་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་67.16ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2.76དང་། རང་སྐྱོང་ལྗོངས་ནས་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་53.17 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་གཏོང་རྒྱུ་སྒོར་དུང་ཕྱུར་0.47 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་10.76བཅས་ཡིན། མངའ་རིས་ས་ཁུལ་གྱི་རིམ་པ་དེ་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་67.44ཡིན།

2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་75.36ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་48.86དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་8.55 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་10.95 ཆེད་དམིགས་བུན་འཛིན་ཡོང་འབབ་སྒོར་དུང་ཕྱུར་7བཅས་ཡིན། ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་75.36ཡིན།

རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་23.83ཡིན་ཞིང་། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་5.51དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་8.55 ལོ་གོང་མའི་འཕྲོས་སྒྱུར་ཡོང་འབབ་སྒོར་དུང་ཕྱུར་2.77 ཆེད་སྤྱོད་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་7བཅས་ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་23.83ཡིན་ཞིང་། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་7.92དང་། ས་གནས(གྲོང་ཁྱེར)ལ་སྒྱུར་སྤྲོད་བྱེད་རྒྱུ་མ་དངུལ་སྒོར་དུང་ཕྱུར་8.91 ཆེད་སྤྱོད་བུ་ལོན་དངུལ་བུན་ལ་སྒྱུར་བའི་གཏོང་སྒོ་སྒོར་དུང་ཕྱུར་7བཅས་ཡིན།

ས་གནས(གྲོང་ཁྱེར)ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་67.44ཡིན་ཞིང་། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་43.35དང་། རང་སྐྱོང་ལྗོངས་ཀྱིས་ས་གནས(གྲོང་ཁྱེར)ལ་མ་དངུལ་སྒྱུར་སྤྲོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་8.91 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་8.18 ཆེད་སྤྱོད་བུ་ལོན་དངུལ་བུན་ལ་སྒྱུར་བའི་ཡོང་འབབ་སྒོར་དུང་ཕྱུར་7བཅས་ཡིན། ས་གནས(གྲོང་ཁྱེར)ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་67.44ཡིན།

3.གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས།

ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་ནི་སྒོར་དུང་ཕྱུར་8.43ཡིན་ཞིང་། དེའི་ནང་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་3.74དང་། ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་4.69ཡིན། ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་8.43ཡིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་སྒོར་དུང་ཕྱུར་1སྒྱུར་འཇུག་བྱེད་རྒྱུ་ཡིན།

རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་6.5ཡིན་ཞིང་། དེའི་ནང་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2.1ཡོད་པ་དང་། དེའི་ཐོག་ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་4.4ཡོད། རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་6.5ཡོད་ཅིང་། དེའི་ནང་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་སྒོར་དུང་ཕྱུར་0.57སྒྱུར་འཐེན་བྱེད་རྒྱུ་ཡིན།

ས་གནས(གྲོང་ཁྱེར)ཁག་གི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་1.93ཡིན་ཞིང་། དེའི་ནང་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་1.64ཡོད་པ་དང་། དེའི་ཐོག་ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་0.29ཡོད། ས་གནས(གྲོང་ཁྱེར)ཁག་གི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1.93ཡོད་ཅིང་། དེའི་ནང་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་སྒོར་དུང་ཕྱུར་0.43སྒྱུར་འཐེན་བྱེད་རྒྱུ་ཡིན།

4.སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་182ཡིན་ཞིང་། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་148.9དང་། ནོར་སྲིད་ཀྱི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར་29.5 སྐྱེད་ཁ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་3.6བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་161.5ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་སྔོན་དཔག་བྱས་ན་ལོ་དེ་གར་འཕྲོས་ལྷག་སྒོར་དུང་ཕྱུར་20.5ཡོང་རྒྱུ་ཡིན་པ་དང་ལོ་མཇུག་ཏུ་འགྲིལ་གསོག་འཕྲོས་ལྷག་སྒོར་དུང་ཕྱུར་286.8ཡོང་རྒྱུ་རེད།

5.ས་གནས་སྲིད་གཞུང་གི་བུ་ལོན་གྱི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ། ས་གནས་སྲིད་གཞུང་གི་བུན་འཛིན་གྱི་དུས་ཚོད་ཐིམ་པའི་གནས་ཚུལ་གཞིར་བཟུང་། 2019ལོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་བཀོད་སྒྲིག་བྱས་པ་བརྒྱུད་བུ་ལོན་གྱི་ངོ་སྐྱེད་གཉིས་འཇལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་16.3ཡིན་པ་དང་། དེའི་ནང་རང་སྐྱོང་ལྗོངས་རིམ་པའི་སྒོར་དུང་ཕྱུར་4.5དང་། ས་གནས(གྲོང་ཁྱེར)ཀྱི་སྒོར་དུང་ཕྱུར་11.8ཡིན། དུས་མཚུངས་ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་ཀྱི་འབོར་ཁྱོན་ཆེ་རུ་གཏོང་རྒྱུའི་བརྩོན་ལེན་བྱས་ཏེ། ཆེད་དམིགས་བུན་འཛིན་གྱི་བེད་སྤྱོད་ཁྱབ་ཁོངས་ལུགས་མཐུན་ངང་རྒྱ་ཆེར་གཏོང་རྒྱུ་དང་། བུན་འཛིན་འགྲེམས་གཏོང་དང་བེད་སྤྱོད་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱུག་རྒྱུ། ནོར་སྲིད་པུའུ་ནས་2019ལོར་གསར་སྣོན་བྱས་པའི་ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར་20སྔོན་ལ་གཤམ་སྤྲོད་བྱས་པའི་ནང་། སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར་13དང་ཆེད་སྤྱོད་བུ་ལོན་སྒོར་དུང་ཕྱུར་7ཡིན། ཞིབ་འཇུག་བྱས་པ་བརྒྱུད་སྤྱིར་བཏང་གི་བུ་ལོན་ཡོངས་རྫོགས་རང་སྐྱོང་ལྗོངས་རིམ་པ་འདི་གར་གཏོང་རྩིས་ཡོད་ཅིང་། དེའི་ནང་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཐད་སྒོར་དུང་ཕྱུར་3དང་། གནས་སྤོས་དབུལ་སྐྱོར་ཐད་སྒོར་དུང་ཕྱུར་2 ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ཐད་སྒོར་དུང་ཕྱུར་1.5 ས་ངན་ཁུལ་གྲོང་ཁྱེར་བརྒལ་ནས་གནས་སྤོས་བྱེད་རྒྱུའི་ཐད་སྒོར་དུང་ཕྱུར་1.5 གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཐད་སྒོར་དུང་ཕྱུར་5བཅས་ཡིན། ཆེད་སྤྱོད་བུ་ལོན་ཡོངས་རྫོགས་ས་གནས(གྲོང་ཁྱེར)ཁག་ལ་བགོ་བཤའ་བརྒྱབ་སྟེ་ས་ཆ་གྲབས་གསོག་བྱེད་རྒྱུའི་ཐད་སྤྱོད་རྒྱུ་ཡིན་ཞིང་། དེའི་ནང་ལྷ་ས་གྲོང་ཁྱེར་ལ་སྒོར་དུང་ཕྱུར་3དང་། ལྷོ་ཁ་གྲོང་ཁྱེར་ལ་སྒོར་དུང་ཕྱུར་2 གཞིས་རྩེ་གྲོང་ཁྱེར་ལ་སྒོར་དུང་ཕྱུར་2བཅས་ཡིན། སྔོན་རྩིས(འཆར་ཟིན)དེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་རྗེས་2019ལོའི་དུས་ཚིགས་དང་པོར་བུན་འཛིན་གཏོང་འགྲེམས་བྱེད་པའི་ལས་དོན་ལེགས་གྲུབ་བྱེད་རྒྱུ་ཡིན།

འདིར་སྙན་སེང་ཞུ་དགོས་པ་ཞིག་ནི། 2019ལོའི་ལོ་འཁོར་སྔོན་རྩིས་བཟོ་འགོ་ཚུགས་རྗེས་ལྗོངས་ཡོངས་ཀྱི་སྔོན་རྩིས(འཆར་ཟིན)དེར་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་མ་ཞུས་གོང་། ངེས་པར་དུ་གཏོང་སྤྲོད་བྱེད་དགོས་པའི་སྡེ་ཚན་གྱི་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ་བདེ་བླག་ངང་གཏོང་ཐུབ་ཆེད་ང་ཚོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། སྡེ་ཚན་གྱི་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ་ཁག་གཅིག་བཀོད་སྒྲིག་བྱས་ཤིང་། ས་གནས(གྲོང་ཁྱེར)དང་རྫོང(ཆུད)གི་མ་དངུལ་སྒྱུར་སྤྲོད་ཀྱི་གཏན་འཇགས་གཏོང་སྒོ་ཁག་གཅིག་སོགས་འབྲེལ་ཡོད་གཏོང་སྒོ་སྔ་སྣུར་དུ་གཏོང་སྤྲོད་བྱེད་རྩིས་ཡོད། ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པའི་གཏོང་སྒོ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་བཞིན་གཏོང་སྤྲོད་ཀྱི་འོས་འགན་ངེས་པར་དུ་སྒྲུབ་དགོས་པའི་གཏོང་སྒོ དེ་བཞིན་རང་བྱུང་གནོད་འཚེ་སོགས་གློ་བུར་དོན་རྐྱེན་ཐག་གཅོད་བྱེད་རྒྱུར་སྤྱོད་རྒྱུའི་གཏོང་སྒོ་བཅས་ཁྲིམས་ལུགས་ཁྲིམས་སྲོལ་བཞིན་གཏོང་རྒྱུ་ཡིན།

གསུམ། 2019ལོའི་ནོར་སྲིད་བསྒྱུར་བཅོས་དང་དོ་དམ་ལ་སྐུལ་སྤེལ་གཏོང་རྒྱུའི་ལས་ཀའི་བྱ་ཐབས་གཙོ་བོ།

2019ལོར་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་། ཡར་འགྲོ་ཡག་བརྩོན། ཆད་སྐྱོན་སེལ་བ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་། གཙོ་གནད་བྱེད་ཐབས་ཁག་བརྒྱད་འཐུས་སྒོ་ཚང་དུ་གཏོང་བར་མུ་མཐུད་སྐུལ་སྤེལ་བཏང་ནས་སྔོན་རྩིས་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན།

(གཅིག)མ་དངུལ་སྒྱུར་སྤྲོད་ལམ་ལུགས་འཐུས་ཚང་དང་ལེགས་སུ་གཏོང་རྒྱུ།

གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་བགོས་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དེ་དང་འཚམ་པའི་མ་དངུལ་སྒྱུར་སྤྲོད་མ་ལག་འཛུགས་རྒྱུ། ས་གནས(གྲོང་ཁྱེར)དང་། རྫོང(ཆུད)བཅས་ཀྱི་འབྱོར་སྟོབས་ཚོད་སྐོར་ལམ་སྲོལ་བཟོས་ནས་ནོར་སྲིད་དཀའ་ངལ་ཆེ་བའི་ས་ཁུལ་གྱི“འགན་ལེན་གསུམ”གྱི་སྔོན་རྩིས་བཀོད་སྒྲིག་ལ་ཞིབ་དཔྱད་དང་། སྔོན་རྩིས་དོན་འཁྱོལ་ལ་གཅུན་སྡོམ། ལྟ་སྐུལ་འགན་འདེད་ལ་ལྟ་སྡོམ་བཅས་བྱེད་རྒྱུའི་ལམ་སྲོལ་འཛུགས་རྒྱུ་དང་། སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་ཀྱི་གཞི་ཁྱོན་དང་བསྡུར་ཚད་སྔར་བས་ཆེ་རུ་བཏང་སྟེ་གཞི་རིམ་སྲིད་གཞུང་གི“འགན་ལེན་གསུམ”གྱི་ལས་དོན་ཁྲོད་གནད་དོན་ཆུང་ཙག་ཀྱང་མི་ཐོན་པ་བྱེད་རྒྱུ། ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་བྱས་རིགས་གཙང་བཤེར་དང་སྒྲིལ་སྤྱོད་བྱས་ཏེ་ཆེད་སྤྱོད་སྒྱུར་སྤྲོད་མ་དངུལ་བེད་སྤྱོད་བྱེད་རྒྱུ་དོ་ནན་དུ་གཏོང་རྒྱུ།

(གཉིས)སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ།

མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཐད་ལ་སྤེལ་རྒྱུའི་བླང་བྱ་དོན་འཁྱོལ་བྱས་ཏེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཀྱི་གསལ་ཆ་ཆེ་རུ་གཏོང་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ཐད་ཞིབ་བཤེར་དང་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་རྒྱུ། རྣམ་གྲངས་གཏོང་སྒོ་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྣམ་གྲངས་གཏོང་སྒོའི་ཚད་གཞིའི་མ་ལག་འཛུགས་སྐྱོང་བྱེད་རྒྱུ་དེ་སྡེ་ཚན་གྱི་སྔོན་རྩིས་དོ་དམ་བྱེད་པའི་བརྒྱུད་རིམ་ནང་འཇུག་རྒྱུ་དང་། ཚད་གཞི་ཅན་གྱི་འཛུགས་སྐྲུན་དང་སྔོན་རྩིས་བཟོ་འགོད་ཀྱི་དོ་དམ་དབར་ཟུང་འབྲེལ་ནུས་ལྡན་ཐུབ་པ་བྱེད་རྒྱུ། དུས་འབྲིང་གི་ནོར་སྲིད་འཆར་འགོད་ཀྱི་དོ་དམ་ཚད་ལྡན་བཟོ་རྒྱུ་དང་། ནོར་སྲིད་འཆར་འགོད་ལ་བརྟེན་ནས་ལོ་འཁོར་སྔོན་རྩིས་བྱེད་རྒྱུར་མཛུབ་ཁྲིད་དང་གཅུན་སྡོམ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། སྡེ་ཚན་གྱི་རྣམ་གྲངས་མ་དངུལ་གཙང་བཤེར་སྒྲིལ་སྤྱོད་བྱེད་པར་སྐུལ་སྤེལ་བཏང་ནས་སྡེ་ཚན་གྱི་རྣམ་གྲངས་ཀྱི་གནད་དོན་ཙག་ཙིག་ཐག་གཅོད་གང་ཐུབ་བྱེད་རྒྱུ།

(གསུམ) སྔོན་རྩིས་ལས་རྗེས་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་རྒྱུ།

《སྔོན་རྩིས་ལས་རྗེས་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དོན་འཁྱོལ་ནན་པོ་བྱས་ཏེ། སྡེ་ཚན་དང་ས་གནས་གྲོང་ཁྱེར་ཁག་གི་སྔོན་རྩིས་ལས་རྗེས་ལ་དོ་དམ་བྱེད་རྒྱུའི་གཙོ་རྐང་གི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུ། ཕྱོགས་མཐའ་ཀུན་དང་། བརྒྱུད་རིམ་ཧྲིལ་པོ། ཀུན་ལ་ཁྱབ་པ་བཅས་ཀྱི་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་གྱི་མ་ལག་གང་མགྱོགས་བཙུགས་ནས་སྲིད་གཞུང་གི་སྔོན་རྩིས་དང་། སྡེ་ཚན་དང་ཚན་པ། སྲིད་ཇུས་དང་རྣམ་གྲངས་གལ་ཆེན་བཅས་ཚང་མ་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་བྱེད་ཁོངས་སུ་འཇུག་རྒྱུ། བརྒྱུད་རིམ་ཧྲིལ་པོའི་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་བྱེད་རིམ་བཟོ་རྒྱུ་དང་། ཕྱོགས་ཡོངས་ལ་ཁྱབ་པའི་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྔོན་རྩིས་དང་ལས་རྗེས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཐོག“མ་དངུལ་བཏང་ཚེ་ཕན་འབྲས་ཐོན་མིན་འདྲི་བ་དང་ཕན་འབྲས་ཐོན་མེད་ཚེ་འགན་འཁྲི་རྩད་གཅོད”ཏན་ཏིག་ཐུབ་པ་བྱེད་རྒྱུ།

(བཞི) ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁར་འགོག་ཟོན་ཏན་ཏིག་བྱེད་རྒྱུ།

ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ་དང་ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ། སུས་བུ་ལོན་གཡར་ན་དེས་འགན་འཁུར་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ལུགས་ཁྲིམས་སྲོལ་བཞིན་སྡེ་ཚན་ཁག་དང་ས་གནས་གྲོང་ཁྱེར་ཁག་གི་བུན་ཉེན་སེལ་བ་དང་། བུ་ལོན་ཚོད་འཛིན། བུན་ཉེན་འགོག་ཟོན་སོགས་བྱེད་པའི་བུ་ལོན་དོ་དམ་གྱི་ལས་ཀའི་གཙོ་རྐང་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ། བུ་ལོན་གཡར་བའི་བརྒྱུད་རིམ་དང་། མ་དངུལ་གྱི་སྤྱོད་སྒོ བུ་ལོན་འཇལ་འགན་གསལ་པོ། ཞིབ་དཔྱད་འགན་འདེད་སོགས་ཐད་ཀྱི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་འཕར་འབོར་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་མངོན་མེད་བུ་ལོན་གསོག་འབོར་ཉེན་སེལ་ཧུར་ཐག་བྱེད་རྒྱུ། “བུ་ལོན་གཡར་ཚེ་ཕན་འབྲས་ཐོན་མིན་འདྲི་བ་དང་ཕན་འབྲས་ཐོན་མེད་ཚེ་འགན་འཁྲི་བདའ་འདེད་གཏོང་དགོས”པའི་ལྟ་བཤེར་དང་འགན་འཁྲི་རྩད་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ས་གནས་སྲིད་གཞུང་གི་བུ་ལོན་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་རིགས་ལ་ཚེ་གང་འགན་འཁྲི་རྩད་གཅོད་དང་འགན་འཁྲི་ལྡོག་འདྲི་བྱེད་རྒྱུ། མངོན་མེད་བུ་ལོན་གྱི་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་མངོན་མེད་བུ་ལོན་མང་དུ་འགྲོ་བར་བཀག་འགོག་མཐའ་གཅིག་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་མངོན་མེད་བུ་ལོན་ལ་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ཟླ་རེའི་སྙན་དཔོད་ལམ་ལུགས་བཟོས་ནས་ནོར་སྲིད་དང་། རྩིས་བཤེར། དངུལ་ལས་ལྟ་སྡོམ་ཨུ་ལྷན། མི་དམངས་དངུལ་ཁང་སོགས་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།

(ལྔ)ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

གསོག་ཐེབས་ཕན་སྒྱུར་དང་འཕེལ་འབོར་སྤྱོད་མཁས་བྱས་ཏེ་ནོར་སྲིད་མ་དངུལ་སྒྲིལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། འཕྲོས་སྒྱུར་དང་འཕྲོས་ལྷག་མ་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་ཐོའི་ཐོག་གི་མ་དངུལ་ཕན་སྒྱུར་སྤྱོད་མཁས་བྱེད་རྒྱུ་དང་། ཁྱབ་ཁོངས་ཁག་ནང་ཁ་ཐོར་དུ་སོང་བའི་ནོར་སྲིད་མ་དངུལ་སྒྲིལ་སྤྱོད་བྱས་ནས་འཕྲོས་སྒྱུར་ཁྱབ་རྒྱ་ཅུང་ཆེ་བའམ་ཡང་ན་སྔོན་རྩིས་དོན་འཁྱོལ་བྱེད་འགོར་བའི་མ་དངུལ་རིགས་གཏན་འབེབས་གཞིར་བཟུང་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་པའི་ཁྱབ་ཁོངས་སམ་ཡང་ན་དོན་གནད་གཞན་དག་ཐད་སྤྱོད་རྒྱུར་ལེགས་སྒྲིག་བྱས་ནས་ནོར་སྲིད་མ་དངུལ་མཉམ་འདུས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ།

(དྲུག)སྲིད་གཞུང་གིས“གཏོང་མཁས་སྤྱོད་མཁས”བྱེད་རྒྱུ་མཐའ་འཁྱོངས་བྱེད་རྒྱུ།

“སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་ཀྱིས་མང་ཚོགས་ཀྱི་འཚོ་བ་སྐྱིད་པོ་བཟོ་བའི”ཡིད་ཆེས་བརྟན་པོས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་དང་ཉུང་འཕྲི་བྱེད་རྒྱུ་དང་། “གཞུང་གྲོན་གསུམ”གྱི་འགྲོ་གྲོན་སྔོན་རྩིས་བཀོད་སྒྲིག་ནན་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་10%དང་“གཞུང་གྲོན་གསུམ”གྱི་འགྲོ་གྲོན་གཏོང་སྒོ་3%ཉུང་དུ་བཏང་ནས་གྲོན་ཆུང་ཐུབ་པའི་མ་དངུལ་དེ་དག་གཙོ་གནད་གཏོང་སྒོ་འགན་སྲུང་བྱེད་རྒྱུ་དང་། གལ་ཆེའི་བསྒྱུར་བཅོས་ལག་བསྟར་བྱེད་རྒྱུ་དང་གལ་ཆེའི་ཐབས་ཇུས་དང་གལ་ཆེའི་འཐབ་ཇུས་ཐད་ཀྱི་དགོས་ངེས་གཏོང་སྒོ་བཅས་འགན་སྲུང་བྱེད་རྒྱུའི་ཐོག་སྤྱོད་རྒྱུ། རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་བྱེད་ཤུགས་ཆེ་རུ་ཤུགས་ཆེན་བཏང་ནས་དཀའ་ངལ་ཡོད་པའི་ས་ཁུལ་དང་གཞི་རིམ་སྲིད་གཞུང་གི་གླ་ཕོགས་དང་། འཁོར་རྒྱུག གཞི་རྩའི་དམངས་འཚོ་བཅས་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ།

(བདུན)སྔོན་རྩིས་དོན་འཁྱོལ་དོ་དམ་ལ་དམ་འཛིན་བྱེད་རྒྱུ།

སྔོན་རྩིས་དོན་འཁྱོལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་སྔོན་རྩིས་དོན་འཁྱོལ་གྱི་ནུས་ཕྱོད་ཆེ་རུ་བཏང་ནས་སྔོན་རྩིས་ཚན་པས་ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་རྒྱུར་བདེ་འཇགས་དང་། ཚད་ལྡན། ཕྱོད་ཆེ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྡེ་ཚན་དང་ས་གནས་གྲོང་ཁྱེར་གྱིས་སྔོན་རྩིས་དོན་འཁྱོལ་བྱེད་པའི་གཙོ་རྐང་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྔོན་རྩིས་དོན་འཁྱོལ་གྱི་གཙོ་རྐང་འགན་འཁྲི་ལག་བསྟར་བྱེད་པར་ལྟ་སྐུལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་ཁྲོད་དཔྱད་ཞིབ་བྱས་འབྲས་དེ་ཞིབ་ཕྲ་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔོན་རྩིས་དོན་འཁྱོལ་བྱེད་ཚད་དང་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱེད་པའི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་རྒྱུ། སྔོན་རྩིས་དོན་འཁྱོལ་གྱི་དཔྱད་ཞིབ་བྱེད་རིམ་མཐོ་རུ་བཏང་ནས་སྡེ་ཚན་གྱི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དེ་སྲིད་གཞུང་གི་ལས་རྗེས་དཔྱད་ཞིབ་བྱེད་ཁོངས་དང་མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་པའི་གཙོ་གནད་དུ་འཇོག་རྒྱུར་སྐུལ་འདེད་གཏོང་རྒྱུ།

(བརྒྱད)སྔོན་རྩིས་ཆ་འཕྲིན་ཡོངས་བསྒྲགས་མུ་མཐུད་ཡག་པོ་བྱེད་རྒྱུ།

སྔོན་རྩིས་ངེས་རྩིས་ཀྱི་ཡོངས་བསྒྲགས་བྱེད་ཁོངས་སྔར་བས་ཚད་ལྡན་བཟོ་བ་དང་། ཡོངས་བསྒྲགས་ཀྱི་ནང་དོན་ཞིབ་ཚགས་སུ་གཏོང་བ། ཡོངས་བསྒྲགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཐོག་སྔོན་རྩིས་ངེས་རྩིས་ཡོངས་བསྒྲགས་བྱེད་རྒྱུ་དེ་སྔོན་རྩིས་བསྒྱུར་བཅོས་དང་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་རྒྱུ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐུལ་ལྕག་གཅུན་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐུན་མོང་ཐོག་སྔོན་རྩིས་ངེས་རྩིས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་རྒྱུ།

འཐུས་མི་རྣམ་པ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། རང་རྟོགས་ངང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་ཞུ་རྒྱུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འཆར་ཉན་འཇོག་ནན་ཏན་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་འགག་སྒྲོལ་དཀའ་སེལ་གྱིས་ཆད་སྐྱོན་སེལ་བ་དང་། ལམ་བཤངས་གསར་གཏོད་ཀྱིས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ཐོག རང་ལྗོངས་ཀྱི་2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་དམིགས་ཚད་ཁག་མངོན་འགྱུར་ཡོང་ཆེད་འབྱོར་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་བྱེད་རྒྱུ་ཡིན་ལ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་རྒྱུ་དང་། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་རྒྱུ་ཡིན། །

(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།