ནོར་བུ་དོན་གྲུབ་ཀྱིས་དུས་ཆེན་རིང་གི་ཐོན་སྐྱེད་བདེ་འཇགས་ལས་དོན་བཀོད་སྒྲིག་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ནས་བོད་ཀྱི་ལོ་གསར་དང་དཔྱད་གསར་དུས་ཆེན་གཉིས་སླེབས་གྲབས་ཡོད་པ་དང་སྤྱི་ཟླ་གསུམ་པ་ཟིན་གྲབས་ཡོད་པའི་འགག་རྩའི་དུས་སྐབས་སུ།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ།  བདེ་འཇགས་ཀྱི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ།  ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ།  དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ།  ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཏེ་ལྗོངས་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་འཇགས་དང་བདེ་སྐྱིད།  འཆམ་མཐུན་བཅས་ཀྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།