རྒྱལ་གཅེས་ཀྱི་བསམ་བློ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་དྲན་ལེགས་ཤོས་ཡིན།

W020190128797893749597.jpg

པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱི་རྒྱལ་གཅེས་བསམ་བློའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་ཡུལ་དངོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱི་རྒྱལ་གཅེས་བསམ་བློའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་རྒྱུན་ལས་ཚོགས་དཔོན་གཞོན་པ་བསོད་ནམས་རིག་འཛིན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྙིང་ཐག་པ་ནས་གུས་བཀུར་བྱེད་ཅིང་། ཁོང་གི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་མི་སེམས་ཀྱི་ཟབ་སར་ཟུག་སྟེ། རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོར་ཆགས་ཡོད། བོད་ཀྱི་བོད་བརྒྱུད་ནང་བསྟན་པའི་སྡེའི་འཐུས་ཚབ་མི་སྣ་དང་དགོན་སྡེའི་བཙུན་པ་བཙུན་མ་རྣམས་ཀྱིས་དངོས་ཀྱི་བྱ་བྱེད་ཁྲོད། རྒྱུན་འཛིན་བཟང་པོ་དང་ལེགས་པར་སྤེལ་ནས་དགེ་བའི་སྟོབས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་ལ་སྐྱོན་བྲལ་ངང་རྒྱུན་འཛིན་པ་ནི་རིན་པོ་ཆེའི་རྗེས་དྲན་ལེགས་ཤོས་དེ་ཡིན་ཞེས་བཤད།

W020190128797893780534.jpg

པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱི་རྒྱལ་གཅེས་བསམ་བློའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

ཉིན་དེའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུར་ཆོས་ལུགས་པའི་སྡེའི་མི་མང་པོ་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མཁས་པ་དང་ཞིབ་འཇུག་པ། པཎ་ཆེན་སྐུ་ཕྲེང་བཅུ་པའི་གཉེན་ཉེ་བཅས་ཀྱིས་ལོ་རྒྱུས་ལ་ཕྱིར་དྲན་དང་པཎ་ཆེན་སྐུ་ཕྲེང་བཅུ་པར་རྗེས་དྲན་ཞུས་ཏེ། དུས་རབས་གསར་པར་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་ཀྱི་བསམ་བློ་ཇི་ལྟར་རྒྱུན་འཛིན་དང་ལེགས་པར་སྤེལ་བ་ལ་མཉམ་དུ་བགྲོ་གླེང་བྱས་ཤིང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་མཐུན་གནས་དང་དབུལ་སྒྲོལ་འཐབ་མོར་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་པོའི་ཕུགས་འདུན་གྱི་བོད་ཀྱི་ལེ་ཚན་མངོན་འགྱུར་ཡོང་བ་བཅས་ཀྱི་སླད་དུ་འབད་བརྩོན་བྱེད་དགོས་པ་བགྲོ་གླེང་བྱས།

1989ལོའི་ཟླ1ཚེས28ཉིན་དགུང་ལོ51ལ་བྱོན་པའི་པཎ་ཆེན་རིན་པོ་ཆེ་ཁོང་གི་བཞུགས་གནས་སྟེ་བོད་ལྗོངས་གཞིས་རྩེའི་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དགོངས་པ་རྫོགས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཚེ་གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་ལས་ཟོལ་མེད་དང་གཅིག་སེམས་གཅིག་ལ་གཏད་པའི་ཚེ་གཅིག་ཡིན་ལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་སླད་དུ་འབད་བརྩོན་གནང་བའི་ཚེ་གཅིག་ཡིན། མེས་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་གྱི་ཆེད་དུ་དཀའ་ལས་གནང་བའི་ཚེ་གཅིག་ཡིན་ལ། རྒྱལ་ཁབ་དང་ཆོས་ལུགས་ལ་ཤ་ཚ་བ་དང་བསྟན་པ་སྤེལ་བ། དད་ལྡན་མང་ཚོགས་བདེ་བའི་ལམ་དུ་འདྲེན་པར་མཛད་པའི་ཚེ་གཅིག་ཀྱང་ཡིན། 

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་ལོ་འཁོར་30འགོར་བའི་དུས་འདིར། བོད་རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱི་རྒྱལ་གཅེས་བསམ་བློའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་རྩ་འཛུགས་བྱས་པ་དང་། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་རྒྱལ་དོན་ལས་སྒྲུབ་པ་སྙན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་ཟོལ་མེད། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་བླ་ན་མེད་པ་ཁོང་ལ་རྗེས་དྲན་ཞུས་ཏེ། ཁོང་གི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་རླབས་ཆེན་པོ་རྒྱ་ཆེར་སྒྲོག་པ་ལ་དོན་སྙིང་ཆེན་པོ་ལྡན། 

བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཨེ་ཤ་ཡ་ལྷོ་མའི་ཞིབ་འཇུག་སྡེ་ཁག་གི་མགོ་དཔོན་གཞོན་པ་སྤེན་པ་ལྷ་མོས་དེ་རིང་ང་ཚོས་འདི་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་རྗེས་དྲན་ཞུ་བ་དང་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ནི། དོན་དངོས་སུ་ལོ་རྒྱུས་ཞིབ་འཇུག་གི་གནའ་ཤེས་དེང་སྤྱོད་དང་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ། རྒྱལ་དོན་ལེགས་བཅོས་དང་སློབ་སྟོན་གྱི་ནུས་པ་འདོན་པ་ཡིན་ཞེས་བཤད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ནི་དེང་གི་བོད་བརྒྱུད་ནང་བསྟན་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་སེམས་ཀྱི་རྟེན་ས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་སྲོལ་རྒྱུན་གྱི་གྲུབ་ཆ་གལ་ཆེན་ཡང་ཡིན་པས། སྔོག་འདོན་དང་རྒྱུན་འཛིན་དང་དར་སྤེལ་བཟང་པོ་བྱ་དགོས།

W020190128797893810197.jpg

པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱི་རྒྱལ་གཅེས་བསམ་བློའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་དཔོན་གཞོན་པའམ་ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་དཔོན་ཟླ་བ་ཚེ་རིང་གིས་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་སུ་ལེགས་པར་ཉན་ནས་ཁོས་བཤད་རྒྱུར། ཡུལ་དངོས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཡང་བསྐྱར་དྲན་པ་ན་རང་ལ་སེམས་འགུལ་ཐེབས་བྱུང་། ཁོས་ད་དུང་གསར་འགོད་པར་1988ལོར་རང་ཉིད་བསྐལ་བ་བཟང་པོས་པཎ་ཆེན་རིན་པོ་ཆེའི་སློབ་སྟོན་ལ་ཉན་ཐུབ་སོང་། རིན་པོ་ཆེས་ང་ལ་བོད་བརྒྱུད་ནང་བསྟན་དང་རིག་གནས་ཤེས་བྱ་ལེགས་པར་བསླབ་དགོས་ཞེས་བཀའ་སློབ་གནང་། དེ་རིང་ང་ཚོས་རིན་པོ་ཆེའི་རྒྱལ་ཁབ་དང་ཆོས་ལུགས་ལ་ཤ་ཚ་བའི་བསམ་བློ་ལ་ཡང་སློབ་སྦྱོང་དང་རྒྱུན་འཛིན་ཡག་པོ་བྱེད་དགོས་ཅེས་བཤད།

བཞུགས་མོལ་ཚོགས་འདུར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་གི་ཚོགས་དཔོན་ནམ་བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་ཐུབ་བསྟན་མཁས་གྲུབ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གཞིས་ཀ་རྩེའི་བཀྲིས་ལྷུན་དགོན་གྱི་དགོན་པའི་དོ་དམ་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་དང་པོ་ས་ལུང་ཕུན་ལགས་སོགས་ཀྱིས་གཏམ་བཤད་པ་དང་། ཁོ་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་ཁབ་དང་བསྟན་པ་ལ་ཤ་ཚ་བའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ། སྤྱི་ཚོགས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།