​གཞིས་རྩེ་གྲོང་ཁྱེར་གྱིས་དབང་བོ་སྐྱོན་ཅན་གྱི་དབུལ་སྒྲོལ་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། དམངས་འཚོར་དོ་ཁུར་དང་གཙོ་གནད་འབུར་དུ་ཐོན་པ་བཅས་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་གསོ་སྦྱོང་དང་། ལུས་གསོའི་ཞབས་ཞུ། ལས་ཞུགས་ལས་སྐྲུན་ལ་རོགས་སྐྱོར་བྱེད་རྒྱུ་སོགས་ཀྱི་ཐད་ནས་འབད་བརྩོན་ཇེ་ཆེར་སྐྱེད་དེ། གྲོང་ཁྱེར་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་སུ་དབང་བོ་སྐྱོན་ཅན་གྱི་དབུལ་བོ4299དབུལ་སྒྲོལ་བྱས་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་སུ་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་ཞབས་ཞུའི་གནས་ཚུལ་དང་དགོས་མཁོའི་ཆེད་དོན་རྟོག་ཞིབ་དེ་བཞིན་ཆ་འཕྲིན་གཞི་གྲངས་གསར་སྒྱུར་ལས་དོན་སྤེལ་ཏེ། རྫོང(ཆུས)སོ་སོར《དབང་བོ་སྐྱོན་ཅན་གྱི་ཐོ་འགོད་རེའུ་མིག》དང《སྡེ་ཁུལ་གྱི་ཐོ་འགོད་རེའུ་མིག》 ཁྲི2ལྷག་སྤྲད་པ་དང་། ཁྱོན་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་ཡོང་འབབ་བརྟག་དཔྱད་བྱས་ཏེ། དབང་བོ་སྐྱོན་ཅན“མི་གཅིག་ལ་ཡིག་ཚགས་གཅིག” བཙུགས་པ་དང་། གཞི་གྲངས་ལས་སྟེགས་ལ་བརྟེན་ནས་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི“མཁོ་སྤྲོད་ཀྱི་དགོས་མཁོ་དང་མཐུན་པ་དང་། གནད་འཕིགས་ཞབས་ཞུ”བྱས་ཏེ། འབྱོར་འབྲིང་ལམ་དུ་དབང་བོ་སྐྱོན་ཅན་གཅིག་ཀྱང་ལུས་སུ་མི་འཇུག་པར་ཁག་ཐེག་བྱས།

གཞིས་རྩེ་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐོར་སྐྱོད་སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས་ཏེ། རྫོང(ཆུས)སོ་སོའི་ཁྱིམ་ཚང་དུ་བསྐྱོད་དེ། ས་གནས་དང་ངོ་ཐུག་གདོང་འཕྲད་ཀྱི་བྱ་ཐབས་བརྒྱུད་དེ། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གཞིས་རྩེ་གྲོང་ཁྱེར་བཅས་ཀྱི་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་ཆེན་པོ་བྱས་ལ། གོ་བདེ་ཞིང་ཤེས་སླ་བའི་བྱ་ཐབས་ལ་བརྟེན་ནས་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་མང་ཚོགས་ཀྱིས་ཏང་གི་དྲིན་གཟོ་དགོས་པ་དང་། ཏང་གི་སྐད་ཆ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་དགོས་པར་སློབ་གསོ་དང་ཁྲིད་སྟོན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།