བོད་ལྗོངས་གྲོ་མོ་རྫོང་སློབ་འབྲིང་ལ་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་སློབ་གསོའི་ཁྱད་ལྡན་སློབ་གྲྭའི་མཚན་སྙན་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཡོངས་སྣོད་བཅུད་ཁོར་ཡུག་པུའུ་དང་། སློབ་གསོ་པུའུ། ཁོར་ཡུག་སློབ་གསོའི་དུས་དེབ་ཁང་། ཀྲུང་གོ་ཁོར་ཡུག་སློབ་གསོའི་རིཌ་གཅིག་མཁས་ཅན་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི“སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཁོར་ཡུག་སློབ་གསོའི་ལོ་ཚོགས”ཐེན་ཅིན་དུ་འཚོགས་ཤིང་། བོད་ལྗོངས་གྲོ་མོ་རྫོང་སློབ་འབྲིང“2018ལོའི་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ཁྱད་ལྡན་སློབ་གྲྭའི”ངོས་ནས་ལོ་ཚོགས་ལ་ཞུགས་རྒྱུར་གདན་དྲངས་པ་མ་ཟད། “2018ལོའི་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་སློབ་གསོའི་ཁྱད་ལྡན་སློབ་གྲྭར”བདམས་པ་རེད།

ཉེ་བའི་ལོ་ཤས་རིང་བོད་ལྗོངས་གྲོ་མོ་རྫོང་སློབ་འབྲིང་གིས་སྣོད་བཅུད་ཤེས་དཔལ་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྣོད་བཅུད་ཤེས་དཔལ་སློབ་གསོ་དེ་སློབ་གྲྭའི་སློབ་ཚན་དང་སློབ་ཁང་ནང་མཉམ་འདྲེས་ཡོང་བ་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་སྣོད་བཅུད་ཤེས་དཔལ་སློབ་གསོའི་བྱེད་སྒོ་སྤེལ་བས། དགེ་སློབ་ཚོར་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་ཡག་པོ་ཞིག་འཇགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།