བོད་ལྗོངས་སློབ་ཆེན“གཉིས་གཏོད”གསོ་སྐྱོང་རྟེན་གཞིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཟའ་མཇུག་ཏུ་ལོ་ལྔ་ལ་སླེབས་པའི་ཚེ་རིང་སྒྲོལ་དཀར་གྱིས་བོད་ལྗོངས་སློབ་ཆེན་གྱི་གསར་གཏོད་ལས་གཏོད་ལྟེ་གནས་གསོ་སྐྱོང་རྟེན་གཞིའི་རལ་པ་མྱོང་རོལ་འཛིན་གྲྭར་རལ་པ་འཁྲབ་བཞིན་ཡོད། བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མས་བཙུགས་པའི་རལ་པ་མྱོང་རོལ་འཛིན་གྲྭ་ནི་བོད་ལྗོངས་སློབ་ཆེན་གསར་གཏོད་ལས་གཏོད་ལྟེ་གནས་གསོ་སྐྱོང་རྟེན་གཞིར་གཉེར་བ་བརྒྱུད། རལ་པར་དགའ་བའི་ལོ་ན་མི་གཅིག་པའི་སློབ་མ་བཅུ་ཕྲག་མྱོང་རོལ་བྱེད་པར་སླེབས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་མྱོང་རོལ་བྱས་ཡོད།

2006ལོའི་ཟླ5ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རལ་པ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ལ་བཅུག་པ་རེད། མྱོང་རོལ་འཛིན་གྲྭའི་འགན་འཁུར་བས“སྲོལ་རྒྱུན་གྱི་སྒྱུ་རྩལ་དང་། སློབ་གྲྭར་གསོ་སྐྱོང་། གསར་གཏོད་རྒྱུན་འཛིན་བཅས་བྱེད་པ་ནི་རལ་པའི་མྱོང་རོལ་འཛིན་གྲྭ་གཉེར་བའི་སྒུལ་ཤུགས་རེད། མིག་སྔར། ང་ཚོའི་མྱོང་རོལ་འཛིན་གྲྭས་སློབ་ཡོན་མི་དགོས་པར་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་གཟའ་འཁོར་རེར་སློབ་མར་སློབ་ཚན་བཞི་འཚོག་གི་ཡོད། སློབ་གྲྭའི་དགེ་རྒན་གྱིས་ལྕག་སྐུལ་གནང་བ་དང་སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས་མྱོང་རོལ་འཛིན་གྲྭ་བདེ་བླག་ངང་གཉེར་བ་དང་བོད་ལྗོངས་སློབ་ཆེན་གྱི་གསར་གཏོད་ལས་གཏོད་ལྟེ་གནས་གསོ་སྐྱོང་རྟེན་གཞིར་གཉེར་བ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོའི་སྒྱུ་རྩལ་གྱི་ངོས་ནས་བརྗོད་ན། རྒྱུན་འཛིན་ཡག་ཤོས་ནི་ལག་ལེན་བྱས་ནས་སྲུང་སྐྱོབ་བྱ་རྒྱུ་དེ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོའི་མཚོན་ཚུལ་ནི་སྦྱོང་མཁན་གྱི་གསར་གཏོད་དང་རྩོམ་ཁྲིད་ཁོ་ན་ཙམ་མ་ཡིན་པར་བྲོ་འཁྲབ་མཁན་གྱི་སྟངས་སྟབས་ལ་བརྟེན་ནས་མཚོན་པར་བྱས་ཏེ་སློབ་མ་ཚོས་ཡུལ་དེའི་ཞབས་བྲོར་བསྡུས་པའི་མི་རིགས་རིག་གནས་ཀྱི་བརྩེ་སེམས་ཚོར་བར་བྱེད་དགོས”ཞེས་བརྗོད།

བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཞབས་བྲོའི་ཚན་ཁག་གི་དགེ་རྒན་ཆེ་མོ་བས་རལ་པར་མཐོང་ཚོར་དྲག་པོ་ལྡན་པ་མ་ཟད། ད་དུང་ཁྱད་འཕགས་ཀྱི་རང་བཞིན་དང་། ལོ་རྒྱུས་ཀྱི་རང་བཞིན། ཐབས་རྩལ་གྱི་རང་བཞིན། རྩོམ་རིག་གི་རང་བཞིན་བཅས་གཅིག་ཏུ་བསྡུས་ཡོད་པ་ལས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོར་སྲོལ་རྒྱུན་གྱི་དམངས་ཁྲོད་སྒྱུ་རྩལ་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་ར་འཕྲོད་གང་ལེགས་ཐུབ་ལ། ཁོར་ཡུག་ཞན་ཡང་ཁྲོད་བོད་རིགས་སྤུན་ཟླའི་དཔའ་མི་ཞུམ་པའི་སྙིང་སྟོབས་གང་ལེགས་མཚོན་ཐུབ། “སྲོལ་རྒྱུན་གྱི་ཞབས་བྲོ་ནི་ང་ཚོའི་རྩ་ཆེའི་མཆོག་ནོར་རེད། ལོ་མང་རིང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གིས་ཉན་འཁྲབ་སློབ་གསུམ་ཁྱད་ཆོས་སུ་འཛིན་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟམ་མི་ཆད་པར་ཟུང་དུ་འབྲེལ་བ། ཤེས་ལྡན་པ་ཕྱོགས་ཡོངས་ནས་གསོ་སྐྱོང་བཅས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོར་ལྡན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཁྱབ་ཆེན་པོའི་སྒོ་ནས་རྒྱུན་འཛིན་བྱས་ཡོད”ཅེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།