བོད་རང་སྐྱོང་ལྗོངས་ཀྱི“རྩ་འཛུགས་གསར་པ་གཉིས”ཀྱི་ལས་དོན་ཨུ་ལྷན་གྱིས་བྱ་ཐབས་མང་པོ་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་རོགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་དེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་ཧུར་ཐག་ཞུགས་ཆེད། རང་སྐྱོང་ལྗོངས་ཀྱི“རྩ་འཛུགས་གསར་པ་གཉིས”ཀྱི་ལས་དོན་ཨུ་ལྷན་གྱིས《ལྗོངས་ཡོངས་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱི་ཁྲོད་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་གིས་བཀོད་པ་དང་། “རྩ་འཛུགས་གསར་པ་གཉིས”སྐུལ་སློང་གིས་གྲོང་ཚོ་དབུལ་པོ་དང་མང་ཚོགས་དབུལ་པོར་ཕྱོགས་ཏེ་ཆ་སྒྲིག་རོགས་སྐྱོར་ལས་དོན་སྤེལ་ནས། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་ནུས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ཆ་སྒྲིག་རོགས་སྐྱོར་བྱས་པ། རྩ་འཛུགས“གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱིས་གྲོང་ཚོ་དབུལ་པོའི་ཏང་ཀྲི་པུའམ་ཡང་ན་ཏང་གི་ཚོགས་ཆུང་དང་ཆ་སྒྲིག་བྱས་ནས་ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོའི་ཉིན་མོ་དང་རིག་གནས་ལུས་རྩལ་གྱི་མཐུན་འབྲེལ་བྱེད་སྒོ་སྤེལ་ཏེ། མང་ཚོགས་དབུལ་པོའི་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་རོགས་དང་དེང་རབས་ཀྱི་ཡ་རབས་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་བ་དང་། གཞི་ཁྱོན་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་། ཚོང་ཚོགས། ལས་རིགས་མཐུན་ཚོགས་བཅས་ལ་གྲོང་ཚོ་དབུལ་པོ་དང་ཆ་སྒྲིག་བྱ་རྒྱུའི་སྐུལ་སློང་བྱས་ཏེ། གྲོང་ཚོའི་འགྲོ་ལམ་དང་། འཐུང་ཆུ་དང་ཆུ་འདྲེན། ལྗང་འགྱུར་མཛེས་བཟོ། གསང་སྤྱོད་གསར་བརྗེ། ལྗོན་ཤིང་མེད་པའི་གྲོང་ཚོ་དང་དུད་ཚང་། ཆ་འཕྲིན་དང་ཟོག་འགྲེམས། རིག་རྩལ་སྒྲིག་བཀོད་སོགས་ཐོན་སྐྱེད་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་འགན་འཁུར་བ་དང་། རིམ་པ་མཐོ་འབྲིང་གི་དོ་དམ་མི་སྣར་དུད་ཚང་དབུལ་པོ་དང་ཆ་སྒྲིག་བྱ་རྒྱུའི་སྐུལ་སློང་བྱས་ཏེ་སློབ་མར་རོགས་སྐྱོར་དང་། སྨན་བཅོས་རོགས་སྐྱོབ། འཚོ་བར་རོགས་སྐྱོར་སོགས་སྤྱི་ཕན་དབུལ་སྐྱོར་བྱེད་སྒོ་སྤེལ་བ། རྩ་འཛུགས“གསར་པ་གཉིས”ཀྱི་ལས་ཞུགས་མི་སྣ་དང་། ཏང་ཡོན། ཞབས་འདེགས་ཞུ་མཁན་བཅས་ལ་མང་ཚོགས་དབུལ་པོ་དང་ཆ་སྒྲིག་བྱ་རྒྱུའི་སྐུལ་སློང་བྱས་ནས་དབུལ་སྐྱོར་དང་བརྩེ་སེམས་མཚོན་པའི་བྱེད་སྒོ་སྤེལ་ཏེ་དཀའ་ངལ་དངོས་སེལ་རོགས་བྱས་ཁར་བྱ་བ་དངོས་དང་བྱ་བ་བཟང་པོའང་བསྒྲུབས་ཡོད།

ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་པ། རྩ་འཛུགས“གསར་པ་གཉིས”ཀྱི་སྣེ་ཁྲིད་དེ་ཞིང་འབྲོག་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་དང་འབྲོག་ར་སོགས་ལ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་རོགས་བྱས་ཁར། སྒྲིག་བཀོད་སྔོ་ཚལ་དང་གཞི་ཁྱོན་ལྡན་པའི་འདེབས་གསོ་སོགས་ཁྱད་ལྡན་དབུལ་སྒྲོལ་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་པ་དང་། མང་ཚོགས་དབུལ་པོར་ཁྱིམ་ཚང་མགྲོན་ཁང་དང་ཚོང་ཁང་ཆུང་ཆུང་སོགས་གཉེར་རོགས་དང་ཡུལ་སྐོར་རྣམ་གྲངས་གཉེར་རོགས་བྱས་ཏེ། གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོ་དག་ཡུལ་སྐོར་ཆེད་ལས་གྲོང་ཚོ་དང་ཆེད་ལས་དུད་ཚང་དུ་བསྒྱུར་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་གཉིས་ཟུང་འབྲེལ་གྱིས་ནགས་ཁྲོད་དཔལ་འབྱོར་དང་རྩྭ་ཐང་དཔལ་འབྱོར་སོགས་འཕེལ་རྒྱས་གཏོང་རོགས་བྱས་པ་མ་ཟད། ད་དུང་ལྟ་སྐོར་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྣེ་ཁྲིད་ཀྱང་བྱས་པ། དྲ་ཐོག་ཚོང་དོན་སོགས་དེང་རབས་ཀྱི་འཁོར་རྒྱུག་རྣམ་པ་འཕེལ་རྒྱས་ཧུར་ཐག་བཏང་སྟེ། གྲོང་ཚོ་དབུལ་པོ་དང་མཉམ་ལས་རྩ་འཛུགས་སོགས་ལ་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་ཚོང་རོགས་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།