ལྷ་ས་གྲོང་ཁྱེར་གྱིས་ཆབ་སྲིད་སྒྲིག་ཁྲིམས་ཀྱི་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་ཐད་གཏོགས་ཏང་ཙུའུ(ཏང་ཨུད)ཁག་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱ་རྒྱུ་རྨང་གཞིར་བྱས་པ་དང་ཉེན་ཟོན་སློབ་གསོ་གཞི་རྟེན་དུ་བྱས་ཏེ་ནན་པོ་དང་། གཏིང་ཟབ། ཞིབ་ཚགས། ཏན་ཏིག་བཅས་ཀྱི་ཐད་ལ་ཤུགས་སྣོན་བརྒྱབ་པ་དང“ལྟ་སྦྱོང་བཤེར”གསུམ་གྱི་བྱེད་ཐབས་སྤྱད་དེ་ཆབ་སྲིད་སྒྲིག་ཁྲིམས་ཀྱི་སློབ་གསོ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་བ་རེད།

བལྟ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ《དད་པ》ཞེས་པ་དང《རྫོགས་མཐའ་མེད་པའི་འདོད་རྔམ》ཞེས་པ་སོགས་ཆེད་དོན་གློག་བརྙན་གཅིག་སྡུད་ཐོག་བལྟས་པ་དང་རང་སྐྱོང་ལྗོངས་བཙོན་ཁང་དུ་ཆེད་དོན་ཉེན་ཟོན་སློབ་གསོ་སྤེལ་བར་བསྐྱོད་དེ་དཔེ་མཚོན་གྱོད་དཔེ་རབ་དང་རིམ་པ་བརྒྱུད་ཏང་ཡོན་ལས་བྱེད་པར་བསམ་བློའི་སློབ་གསོ་ཐེབས་པར་བྱས་ཏེ་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གཅིག་སྡུད་ཐོག་སློབ་སྦྱོང་གི་དུས་ཚོད་གཏན་འཁེལ་བྱས་ཏེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང་། 《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཀྱི་ནང་དོན་གཙོ་གནད་ཐོག་སློབ་སྦྱོང་བྱས་ནས་ཏང་ཡོན་ལས་བྱེད་པར་དཔེ་ཀློག་ཟིན་བྲིས་ནན་ཏན་ངང་རྒྱག་དགོས་པ་དང་ནང་དོན་བློ་ལ་ངེས་དགོས་པའི་བླང་བྱ་བཏོན་པ་རེད།

ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། དགོས་པའི་ལས་མི་བྱེད་པ་དང་ལས་ཀ་ནར་འགྱངས་བྱེད་པ་དང་དགོས་མེད་ཀྱི་ཡིག་ཆ་དང་ཚོགས་འདུ་མང་དྲགས་པ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་གི་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་རང་བཤེར་རང་ངོས་ཡོ་བསྲང་བྱས་ནས་གནད་དོན་ཁྲི1.33ལྷག་ཙམ་ཤེས་རྟོགས་ཐུབ་པ་དང་། གནད་དོན་ཐོན་པའི་རྒྱུ་རྐྱེན་དང་རྩ་བར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་དང་གྲོས་འགོ་ཁྲི1.1ལྷག་ཙམ་བཏོན་པ། ལས་ཀའི་རྩིས་ཁྲ་བཟོས་པ་དང་དག་ཐེར་གྱི་དུས་བཀག་བཟོས་ཏེ་རེ་རེ་བཞིན་དག་ཐེར་ལེགས་བཅོས་དང་ཐོ་བསུབ་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།