ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ཀྱི་རྫོང་ཁོངས་དམངས་ཁྲོད་རྩོམ་རིག་གི་ཕྱོགས་བསྡུས་དཔེ་དེབ་ཐོག་མ་སྟེ་དཔལ་འབར་རྫོང་དམངས་ཁྲོད་རྩོམ་རིག་དེབ་ཕྲེང་པར་སྐྲུན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འབར་རྫོང་དམངས་ཁྲོད་རྩོམ་རིག་དེབ་ཕྲེང་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་དང་། དེབ་ཕྲེང་དེའི་ནང་དཔལ་འབར་རྫོང་གི་ད་ཡོད་དཔྱད་གཞི་ལེགས་སྒྲིག་བྱས་པ་མ་ཟད། ཤང(གྲོང་རྡལ)11གི་དམངས་ཁྲོད་སྒྱུ་རྩལ་པས་ངག་ཐོག་ནས་བརྗོད་པའི་ནང་དོན་བསྡུ་རུབ་བྱས་པ་དེ་དག་ཡུལ་གཞས་ཕྱོགས་བསྡུས་དང་། གཏམ་དཔེ་ཕྱོགས་བསྡུས། སྒྲུང་གཏམ་ཕྱོགས་བསྡུས་བཅས་ཁག་གསུམ་ལ་དབྱེ་བ་དང་། ཟླ་བ་བཅུ་ལྷག་ཙམ་རིང་བསྡུ་སྒྲིག་བྱས་པ་ཞིག་ཡིན་ཞིང་ཁྱོན་ཡིག་འབྲུ་ཁྲི་ཚོ50ཙམ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། དཔལ་འབར་རྫོང་དམངས་ཁྲོད་རྩོམ་རིག་དེབ་ཕྲེང་ནང་ས་ཆ་དེ་གའི་རིག་གནས་དང་ལོ་རྒྱུས། དམངས་འཚོ། དཔལ་འབྱོར། སྐྱེ་ཁམས། དམངས་སྲོལ། ཆོས་ལུགས། གནའ་ཤུལ་གྲགས་ཅན་སོགས་ལ་ཁྱོན་ཡོངས་ནས་རགས་བཤད་བྱས་པ་མ་ཟད་བྱིས་སྒྲུང་དང་གླིང་སྒྲུང་། ངག་རྒྱུན་རྩོམ་རིག་སོགས་དམངས་ཁྲོད་རིག་གནས་བསྡུ་རུབ་བྱས་ཡོད་པས་རྩོམ་རིག་གི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་རྫོང་ཁོངས་དམངས་ཁྲོད་རྩོམ་རིག་གི་ཕྱོགས་བསྡུས་དཔེ་དེབ་ཐོག་མ་དཔལ་འབར་རྫོང་དམངས་ཁྲོད་རྩོམ་རིག་དེབ་ཕྲེང་པར་སྐྲུན་བྱས།