ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆབ་སྲིད་སྒྲིག་ཁྲིམས་སློབ་གསོའི་འཆད་ཁྲིད་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་ཉེན་རྟོག་པ་ནན་པོས་སྐྱོང་བར་སྐུལ་འདེད་བཏང་ནས“ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་དང་ཉམས་སད་ཐེག་ཐུབ་པའི་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི”ཆེད་དོན་སློབ་གསོའི་ལེགས་སྒྲིག་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱ་ཆེད། ཉེ་ཆར། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བའི”བརྙན་ལམ་འཆད་ཁྲིད་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། འཆད་ཁྲིད་བྱེད་སྐབས་ནང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ“ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔ་ཕྱི་བར་གསུམ་དུ་ཨང་དང་པོར་འཇོག་པའི”བརྗོད་དོན་གཙོ་བོར་དམིགས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཨང་དང་པོར་འཇོག་པ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་ཡིན་པ་དང་འགག་རྩ་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་བོད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་དེ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བའི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་སོགས་ཐད་ནས་སྤེལ་ཡོད་པ་རེད། འཆད་ཁྲིད་ཐོག་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པ་ཚོས་རྦད་དེ་ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་གཤིས་རྒྱུད་གསོ་སྐྱོང་དང་། ཏང་གི་བཀའ་ལ་ཉན་པའི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། དངོས་ཐོག་བདེན་འཚོལ་གྱི་ཆབ་སྲིད་བླང་བྱ་ལག་བསྟར་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།