བོད་ལྗོངས་ཀྱིས་ཁྲལ་དོན་ཁོངས་གཏོགས་ཀྱི་བུད་མེད་ཀྱི་ལས་གནས་སུ་བྱས་རྗེས་འཇོག་མཁན་སྔོན་ཐོན་ལ་གཟེངས་བསྟོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་བརྙན་ལམ་ཚོགས་འདུ་འཚོགས་ནས་ཁྲལ་དོན་ཁོངས་གཏོགས་ཀྱི་བུད་མེད་ཀྱི་ལས་གནས་སུ་བྱས་རྗེས་འཇོག་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་སོགས་ཚན་པ10ལ་བོད་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག”བུད་མེད་ཀྱི་ཤེས་དཔལ་ལྡན་པའི་ལས་གནས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། ཧོང་ལི་ཧུང་སོགས་བློ་མཐུན26ལ་བོད་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག”བུད་མེད་ཀྱི་ཤེས་དཔལ་ལྡན་པའི་དཔེ་དམག་གི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས། ཡང་འབད་བསྐྱར་འབད་བྱས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་བཅས་བྱེད་པ་དང་། རང་གཅེས་དང་། རང་ཡིད་རང་ཆེས། རང་ཚུགས། རང་བརྩི་བཅས་ཀྱི་དུས་རབས་གསར་པའི་བུད་མེད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”དང་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་མཁན་ཞིག་བྱེད་པའི་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་བོད་ཀྱི་ལེའུ་ཡག་པོ་བརྩམས་ཏེ་བུད་མེད་ཀྱི་བློ་སྟོབས་འཕེལ་བ་དང་། བུད་མེད་ཀྱི་གླུ་དབྱངས་ལེན་པ། བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བ། བུད་མེད་ཀྱིས་བྱས་རྗེས་འཇོག་པ་བཅས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་རྒྱ་ཆེའི་བུད་མེད་ལས་བྱེད་ལས་བཟོ་ཚོས་ཁྲལ་བསྡུའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“ལྷག་བསམ་རྣམ་དག་ངང་འགན་འཁྲི་ཁུར་ཕོད་པ་དང་། བཅའ་ཁྲིམས་གོང་དུ་བཀུར་བ་དང་སྒྲིག་ཁྲིམས་སྲུང་བ། ཁྲལ་དོན་བྱ་གཞག་དར་རྒྱས་བཏང་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ”བཅས་ཀྱི་ཀྲུང་གོའི་ཁྲལ་དོན་སྙིང་སྟོབས་ལག་བསྟར་གྱིས་བོད་ཀྱི་ཁྲལ་དོན་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།