གྲ་ནང་རྫོང་གིས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་གྲོལ་ཐུབ་ཐབས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་བབ་མཐོ་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཚོར་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ཡག་པོ་སྤེལ་ཆེད།  ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་རྒྱལ་ཁབ་ཀྱི་བྱེ་ཐང་སྤྱི་གླིང་ཡུལ་སྐོར་ཐོན་ལས་འཆར་འགོད་དང་དབྱིས་ལིད་ཚོགས་པས་ལག་བསྟར་བྱས་པའི་བྱེ་ཐང་སྐྱེ་ཁམས་སླར་གསོའི་ཐོན་ལས་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ།  ཐུན་མོང་ཐོག་གནས་སྤོས་དང་ཐོན་ལས།  སྐྱེ་ཁམས་སྲུང་སྐྱོང་བཅས་གཞི་གཅིག་ཏུ་བསྡུས་པ་དང་།  དེ་བཞིན་དབུལ་གྲོལ་འགག་སྒྲོལ་ཐད་དཔེ་སྟོན་སྐུལ་ཁྲིད་ཅུང་ཆེ་བའི་ནུས་པ་ལྡན་པའི་དབྱིས་ལིད་དམངས་སྲོལ་ཡུལ་སྐོར་རིག་གནས་དཔེ་སྟོན་གྲོང་ཚོ་བཅས་འཛུགས་སྐྲུན་པའི་ལས་གཞི་དེའི་སྔོན་རྩིས་མ་འཇོག་སྒོར་ཁྲི་ཚོ3000ལྷག་ཙམ་ཟིན་པ་དང་།  ད་ལྟ་ལས་གཞི་དེ་ལེགས་འགྲུབ་བྱུང་སྟེ་ད་ལོའི་ལོ་མཇུག་ཏུ་བེད་སྤྱོད་བྱེད་ཐུབ་རྩིས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།